འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།“ངོ་མཚར་ལྡན་པའི་ལྷ་སའི་ཡུལ་སྐོར”ཞེས་པའི་པར་ལེན་འགྲན་བསྡུར་ཆེན་མོའི་དཔྱད་
    འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ཧུའུ་ཧན་གྱི་པར་ཚོགས་《གཙུག་ལག་ཁང་གི་བསང་དུད།》
    ཧུའུ་ཧན་གྱི་པར་ཚོགས་《གཙུག་ལག་ཁང་གི་བསང་དུད།》
         མི་དམངས་དྲ་བའི་འཕྲིན། ངོ་མཚར་ལྡན་པའི་ལྷ་སའི་ཡུལ་སྐོར་ཞེས་པའི་པར་ལེན་འགྲན་བསྡུར་ཆེན་མོའི་པར་རིས་བརྩམས་ཆོས་དཔྱད་འདེམས་ཀྱི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། དཔྱད་འདེམས་ནང་ཚུད་པའི་པར་རིས་བརྩམས་ཆོས་200ཡི་ཁྲོད་ནས་དམིགས་བསལ་རིམ་པའི་བྱ་དགའ་ཐོབ་མཁན་གཅིག་དང་བྱ་དགའ་ཨང་དང་པོ་ཐོབ་མཁན་གཉིས། ཨང་གཉིས་པ་ཐོབ་མཁན་གསུམ། ཨང་གསུམ་པ་ཐོབ་མཁན་ལྔ། ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་མཁན་བཅུ་བཅས་དཔྱད་འདེམས་བྱས་པ་རེད།
         བདམས་ཐོན་བྱུང་བའི་པར་རིས་བརྩམས་ཆོས་དང་པར་ལེན་མཁན་ནི་གཤམ་གསལ་ལྟར། 
         ཧུའུ་ཧན་གྱི་པར་ཚོགས་《གཙུག་ལག་ཁང་གི་བསང་དུད་》ལ་དམིགས་བསལ་རིམ་པའི་བྱ་དགའ་ཐོབ་པ།
         ཁྲེན་ཚི་ཝེ་ཡི་བརྩམས་ཆོས་《སྒོ་ཕྱུགས་རི་ལ་འདེད་པ་》 དང་ཨན་ཞའོ་ཧུའེ་ཡི་བརྩམས་ཆོས་《གློག་དམར་འཁྱུག་པ་》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ།
         མ་ཆན་གྱི་བརྩམས་ཆོས་《ང་རང་བོད་ལྗོངས་ན་ཡོད་》དང་ཏའེ་ཅན་ཧྥེང་གི་བརྩམས་ཆོས་《སེ་རའི་རྒྱབ་རིར་བབས་པའི་སྐར་ཚོགས།》 བཀྲ་ཤིས་ཕུན་ཚོགས་ཀྱི་པར་ཚོགས་《དཔྱིད་རྨོད་》བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ།
         ལིའུ་ཨེ་ཧྭའི་བརྩམས་ཆོས་《ལྷ་སའི་ཤུག་གསེབ་དགོན་》དང་ཞུའེ་ལིའང་ཆོན་གྱི་བརྩམས་ཆོས་《ས་སྲོད་དུས་སུ་སྒོ་ཕྱུགས་འདེད་པ།》 ཁྲེན་ཚི་ཝེ་ཡི་བརྩམས་ཆོས་《རྦ་རླབས་དགུང་ལ་འཕྱུར་བ།》 བསྟན་འཛིན་ཤེར་བསྟན་གྱི་བརྩམས་ཆོས་《ལྷ་ཁང་།》 བསྟན་འཛིན་ཉི་མ་ཆོས་གྲུབ་ཀྱི་བརྩམས་ཆོས་《སྐར་ཚོགས་འོག་གི་རྨུ་ཐག་》བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ། 
         བཀྲ་ཤིས་གཡང་འཛོམས་ཀྱི་བརྩམས་ཆོས་《ཕོ་བྲང་པོ་ཏ་ལའི་རྒྱབ་ར་》དང་སྐལ་བཟང་རྒྱ་མཚོའི་བརྩམས་ཆོས་《བོད་ལྭ་གྱོན་ནས་འདྲ་པར་ལེན་པ།》 ཧོང་མའོ་ཁའེ་ཡི་བརྩམས་ཆོས་《འོད་མདངས་འཚེར་བའི་གློག་སྒྲོན།》 ཀྲོའུ་ཧྥེང་གི་བརྩམས་ཆོས་《ལུག་འཚོ་བ།》 ཀའོ་རུའེ་ཧྥེང་གི་བརྩམས་ཆོས་《གནམ་མཚོ།》 ལིའོ་ཀོ་ཝེ་ཡི་བརྩམས་ཆོས་《ལྡོག་བརྙན།》 ཕུར་བུ་ཚེ་རིང་གི་བརྩམས་ཆོས་《ཁ་བའི་ཁྲོད་ཀྱི་འབྲོག་མོ།》 ཅང་སུང་གི་བརྩམས་ཆོས་《པོ་ཏ་ལ་དང་ཉ་གང་ཟླ་བ།》      ངག་དབང་ཚེ་རིང་གི་བརྩམས་ཆོས་《མ་ཎི་བསྐོར་བ།》 འཕྲིན་ལས་རྒྱལ་མཚན་གྱི་བརྩམས་ཆོས་《པར་ཚོགས་》བཅས་ལ་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
     
    【13】  【14】  【15】  【16】  【17】  【18】  【19】  【20】  【21】
    ༄༅།།“ངོ་མཚར་ལྡན་པའི་ལྷ་སའི་ཡུལ་སྐོར”ཞེས་པའི་པར་ལེན་འགྲན་བསྡུར་ཆེན་མོའི་དཔྱད་
འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།
    ༄༅།།“ངོ་མཚར་ལྡན་པའི་ལྷ་སའི་ཡུལ་སྐོར”ཞེས་པའི་པར་ལེན་འགྲན་བསྡུར་ཆེན་མོའི་དཔྱད་
འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།
    ༄༅།།“ངོ་མཚར་ལྡན་པའི་ལྷ་སའི་ཡུལ་སྐོར”ཞེས་པའི་པར་ལེན་འགྲན་བསྡུར་ཆེན་མོའི་དཔྱད་
འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།