འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ཞོ་སྟོན་ཟླ་9ཚེས་1ཉིན་འགོ་འཛུགས་རྒྱུ་ཡིན་པ། 

    “མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས”ཞེས་པ་དེ་འདི་ལོའི་ཞོ་སྟོན་གྱི་བརྗོད་བྱ་གཙོ་བོ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཞོ་སྟོན་གྱིས“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས”ཞེས་བརྗོད་བྱ་གཙོ་བོར་བྱས་ཏེ་ཟླ་9ཚེས་1ཉིན་ནས་ཚེས་7ཉིན་བར“བདེ་འཇགས་དང་། སྟབས་བདེ། ཚད་ལྡན། དམངས་ཆེད”བཅས་ཀྱི་རྩ་དོན་ལ་གཞིགས་པ་དང་བྱེད་སྒོའི་རྣམ་གྲངས་ཁྲོད་བསྡོམས་རྣམ་གྲངས་ཆེ་ཁག་9དང་བྱེད་སྒོ་ཁག་11ཡོད་པ་རེད།
         ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་མགྲིན་ཚབ་པ་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝུའུ་ཡ་སུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཞོ་སྟོན་གྱི་འགོ་འཛུགས་མཛད་སྒོ་ཟླ་9ཚེས་1ཉིན་གྱི་མཚན་མོ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་འཚོག་རྒྱུ་དང་། ཆབས་ཅིག་ཞོ་སྟོན་གྱི་སྲོལ་རྒྱུན་དམངས་སྲོལ་ལ་གཞིགས་ཏེ་ཟླ་9ཚེས་1ཉིན་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་གོས་སྐུ་བཀྲམ་རྒྱུ་རེད། གཞན་ཡང་ཞོ་སྟོན་རིང་ད་དུང་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྐབས་བཞི་པའི་ལྷ་མོ་འགྲན་བསྡུར་དང་སྐབས་ལྔ་པའི་ལྷ་མོ་འཁྲབ་སྟོན་སོགས་ཞོ་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།