འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ཐབས་ལ་བརྟེན་ནས་རང་རྒྱལ་གྱི་སྟོངས་ཉེའི་སྐྱེ་དངོས་ཨུཏྤལ་འདེབས་གསོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱུང་གསལ། ཚན་ཞིབ་འགག་སྒྲོལ་ལོ་བདུན་བྱས་པ་བརྒྱུད། མིག་སྔའི་བོད་སྨན་གྱི་སྨན་རྒྱུ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་དང་འདེབས་གསོའི་ལག་རྩལ་རྟེན་གཞིའི་ཞིང་ནང་དུ་འདེབས་འཛུགས་བྱེད་པའི་ཚོད་ལྟའི་དུས་མཚམས་ཀྱི་རྩ་ཆེའི་ཨུཏྤལ་སྐྱེ་ཚུལ་ལེགས་པོ་ཡོད་པ་དེ་ཐོག་ནས་བོད་ཀྱིས་མི་ཐབས་ལ་བརྟེན་ནས་རང་རྒྱལ་གྱི་སྟོངས་ཉེའི་སྐྱེ་དངོས་ཨུཏྤལ་འདེབས་གསོ་ཐུབ་པ་མཚོན་ཡོད།
         རང་རྒྱལ་གྱི་སྟོངས་ཉེའི་རི་མཐོའི་རྩྭ་དང་མེ་ཏོག་གི་སྐྱེ་དངོས་ཀྱི་སྣ་ཁའི་གྲས་ཤིག་ཡིན་པའི་ཨུཏྤལ་ནི་གྲགས་ཅན་གྱི་མཛེས་ཅན་རྩི་ཤིང་ཡིན་པ་དང་ཁག་གཅིག་སྨན་རྒྱུ་བྱེད་ཆོག སྣ་ཁ་50ཡོད་པའི་ནང་གཅིག་ཡོ་རོབ་ནུབ་མ་ནས་ཐོན་པ་ཕུད། དེ་བྱིངས་ཚང་མ་ཧི་མ་ལ་ཡའི་ཁུལ་དང་འཕྲེད་རྒྱུག་རི་རྒྱུད་དུ་སྐྱེ་གི་ཡོད་པ་དང་མིག་སྔར་མང་ཆེ་བ་སྟོངས་ཉེར་ཡོད།
         བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རང་བྱུང་སྨན་རྒྱུ་སུའོ་ཡི་སུའོ་ཀྲང་གཞོན་པ་བཀྲ་ཤིས་ཚེ་རིང་གིས་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་རིང་། ཚན་ཞིབ་ཚོགས་པས་རྟེན་གཞིར་རི་སྐྱེས་འདེབས་གསོའི་སྐྱེ་ཁམས་འདྲ་བཟོ་བྱས་ནས་སོན་སྐྱེ་འཕེལ་བྱེད་སྟངས་སྤྱད་དེ་སོན་སྐྱེ་ཚུལ་དང་དེ་བཞིན་མྱུ་གུ་འབུས་ཚུལ་སོགས་ལ་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་ཁར་དུས་གཏན་ནང་ཚོད་ལྟ་ཁང་གི་གྲངས་གཞིར་གཞིགས་ནས། འདེབས་འཛུགས་ལག་རྩལ་བརྟན་པོ་ཡོད་མིན་ཚོད་ལྟ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         ངོ་སྤྲོད་བྱས་པར་གཞིགས་ན། སོན་སྐྱེ་ཚུལ་ཞིབ་འཇུག་བྱེད་རིང་། ཚན་ཞིབ་མི་སྣས་གྲངས་གཞི་དང་དམིགས་ཚད་ཁག་ལ་ཞིབ་བཤེར་ར་སྤྲོད་ནན་པོ་བྱས་པ་དང་དེའི་གྲངས་གཞི་བརྟན་པོ་བྱུང་རྗེས་འདི་ལོ་ཞིང་ནང་དུ་དངོས་སུ་འདེབས་འཛུགས་ཚོད་ལྟ་བྱས་ཡོད། མིག་སྔར་སྟོངས་ཉེའི་ཨུཏྤལ་སྣ་ཁ་དྲུག་མི་ཐབས་ལ་བརྟེན་ནས་འདེབས་གསོ་ཐུབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཚན་ཞིབ་མི་སྣས་ད་དུང་ཨུཏྤལ་སྣ་ཁ་གཞན་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱ་རྒྱུའི་དཀའ་གནད་མུ་མཐུད་སེལ་རྒྱུ་མ་ཟད། ཚོད་ལྟ་བྱས་ཏེ་འདེབས་གསོ་ཐུབ་པའི་ཨུཏྤལ་གྱི་སྐྱེ་ཚུལ་ལ་རྗེས་སྙེགས་བྱས་ནས་ཕྱིས་སུ་གཞི་ཁྱོན་ཅན་གྱི་སྒོ་ནས་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་འདིང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།