འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ངོ་མཚར་ཆེ་བའི་བོད་སྨན་བདུད་རྩིར་བྱིན་གྱིས་བརླབས་པའི་ཆོ་ག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ངོ་མཚར་ཆེ་བའི་བོད་སྨན་བདུད་རྩིར་བྱིན་གྱིས་བརླབས་པའི་ཆོ་ག
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་སྦྱོར་ལྟེ་གནས་ཀྱིས་བོད་སྨན་བདུད་རྩིར་བྱིན་གྱིས་བརླབས་པའི་ཆོ་ག་གཉེར་ཞིང་། བྱིན་རླབས་ཆོ་ག་གྲ་སྒྲིག་བྱེད་པ་ནས་མཇུག་བསྒྲིལ་བའི་བར་དུས་ཡུན་ཧ་ལམ་ཉིན་10དགོས་ཤིང་། བོད་ཀྱི་མཁས་བཙུན་བཟང་གསུམ་ལྡན་པའི་བོད་ཀྱི་གསོ་རིག་མཁས་དབང་20ལྷག་དང་སློབ་མ་གྲགས་ཅན་20ལྷག་གིས་ཐུན་མོང་དུ་བསྒྲུབ་དགོས་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། བོད་སྨན་ལ་བྱིན་གྱིས་བརླབས་པའི་ཆོ་ག་ནི་དྲན་སྐུལ་དང་། དྲིན་གཟོ། མཆོད་འབུལ། ཞལ་འདོན། གཡང་གསོལ་སོགས་གོ་རིམ་ལྡན་པའི་ངང་ནས་བོད་སྨན་གྱི་རྒྱུ་ཆ་དང་། སྡེབ་སྦྱོར་བྱ་ཡུལ། སྨན་སྦྱོར་གྲུབ་རྫས་བཅས་ལ་བྱིན་གྱིས་བརླབས་ནས་སྡེབ་སྦྱོར་བྱས་པའི་བོད་སྨན་ལ་ནུས་པ་གང་ལེགས་ཐོན་པར་སྨོན་ལམ་འདེབས་པའི་ཆོ་ག་གཤོམ་རྒྱུ་རེད། བོད་སྨན་བདུད་རྩིར་བྱིན་གྱིས་བརླབས་པའི་ཆོ་གའི་རྣམ་གྲངས་འདི་ནི་2013ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་པ་རེད།
    【1】  【2】  【3】  【4】
    ༄༅།།ངོ་མཚར་ཆེ་བའི་བོད་སྨན་བདུད་རྩིར་བྱིན་གྱིས་བརླབས་པའི་ཆོ་ག
      

    ཕྱོགས་བསྡུས་གསར་འགྱུར།