འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་ནས་བཟུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སྐབས་ལྔ་པ་པེ་ཅིང་གྲོང་ཁྱེར་དུ་བྱེད་འགོ་བརྩམས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པས་མཉམ་འཛོམས་འཁྲབ་སྟོན་ལ་ཞུགས་པའི་《འཁྱགས་རི་ནས་ཕེབས་པའི་མགྲོན་པོ་》ཞེས་པ་དང་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པས་མཉམ་འཛོམས་འཁྲབ་སྟོན་ལ་ཞུགས་པའི་《མཐའ་མཚམས་ཀྱི་ཕུགས་འདུན་སྐྲུན་པ་》ཞེས་པ་འདི་གཉིས་མཉམ་འཛོམས་འཁྲབ་སྟོན་བྱེད་ཉིན་དང་པོར་གཟིགས་མོ་བ་རྣམས་ཀྱི་སྤྱན་ལས་དུ་ཕུལ་བ་རེད།
         རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབས་སྟོན་སྐབས་ལྔ་པ་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་། རིག་གནས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཟླ་8ཚེས་16ཉིན་ནས་ཟླ་9ཚེས་14ཉིན་བར་པེ་ཅིང་གྲོང་ཁྱེར་དུ་འཁྲབ་སྟོན་བྱ་རྒྱུ་རེད། མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་བྱེད་མཁན་དཔུང་ཚོགས། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ཤང་ཀང་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་། ཨའོ་མོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་བཅས་ཀྱི་འཐུས་ཚབ་ཚོགས་པ་35ཡིས་ལས་རིགས་ཁག་གི་གཟིགས་མོ་བ་ཚོར་ངོ་མཚར་ཆེ་བའི་འཁྲབ་སྟོན་ལེ་ཚན་43འབུལ་རྒྱུ་རེད། འཁྲབ་སྟོན་ལེ་ཚན་འདི་ཚོ་རིམ་པ་བཞིན་དུ་པའོ་ལི་ཟློས་གར་ཁང་དང་། མི་རིགས་ཟློས་གར་ཁང་། ཐེན་ཆའོ་ཟློས་གར་ཁང་སོགས་ཀྱི་ཟློས་གར་ཁང་11ཏུ་འཁྲབ་སྟོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།