འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨའོ་པི་སིའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་དང་པོ་ཀྲུང་གོར་ཡོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨའོ་པི་སིའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་ནི་འཛམ་གླིང་ཐོག་གནམ་གྲུའི་ཐོག་བཙུགས་པའི་མིག་ནད་ཚན་ཁག་གི་སྨན་ཁང་འབའ་ཞིག་དེ་ཡིན་པ་དང་གོ་ལ་ཧྲིལ་པོའི་ལོང་བ་སྔོན་འགོག་དང་ལོང་བར་རོགས་སྐྱོབ་བྱེད་པའི་འགན་འཁྲི་འཁུར་ཡོད་པ་རེད། ཉེ་ལམ་སྒྱུར་བཀོད་བྱས་པའི་ཐེངས་གསུམ་པའི་ཨའོ་པི་སིའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་ཉེ་ཆར་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་མང་ཐིང་ཝུའེ་གྲོང་ཁྱེར་གྱི་མོ་ཧྥེ་ཐེ་གནམ་ཐང་དུ་འབྱོར་བ་དང་ཟླ་9པར་ཀྲུང་གོར་ཡོང་ནས་ཨའོ་པི་སིའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་སྨན་བཅོས་དང་གསོ་སྦྱོང་མཉམ་ལས་རྣམ་གྲངས་དང་པོ་དེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
         ཨའོ་པི་སིའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་ནི་ཨ་རིའི་དགེ་སྒྲུབ་སྒྲིག་གཞི“རྒྱལ་སྤྱིའི་ཨའོ་པི་སི་རྩ་འཛུགས”ཀྱིས་1982ལོ་ནས་བཟུང་གཉེར་བའི་ཁེ་གཉེར་མིན་པའི་རྣམ་གྲངས་ཤིག་ཡིན་ཞིང་། ཏའོ་ཀོ་ལ་སི་གནམ་གྲུ་སྒྱུར་བཀོད་བྱས་པའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་དང་པོ་དང་གཉིས་པ་སྔ་རྗེས་སུ་བེད་སྤྱོད་བྱེད་མཚམས་བཞག་ཡོད་པ་རེད། ཨའོ་པི་སིས་ལོ་དྲུག་གི་དུས་ཚོད་སྤྱད་དེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་ཀུང་སིས་ཞལ་འདེབས་བརྒྱབ་པའི་མའེ་ཏའོ-10དོས་སྐྱེལ་གནམ་གྲུ་ཞིག་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་དང་པོར་སྒྱུར་བཀོད་བྱས་པ་རེད། འདི་ལོའི་ཟླ་9པའི་ཟླ་སྟོད་དུ་ཐེངས་གསུམ་པའི་ཨའོ་པི་སིའི་མིག་ནད་ཚན་ཁག་གི་གནམ་གྲུའི་སྨན་ཁང་གི་ས་ཚུགས་དང་པོ་ཀྲུང་གོའི་ཧྲེན་དབྱང་དུ་འབྱོར་རྒྱུ་ཡིན་པ་དང་ད་ལྟའི་བར་ཀྲུང་གོར་གཉེར་བའི་མཉམ་ལས་རྣམ་གྲངས་ཨང་40པ་དེ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།