འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་ཕྱི་འབྲེལ་པུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལི་པའོ་ཏུང་དང་། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ཀོང་ཡའོ། མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་དབྱི་ཀང་། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་ཧང་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ་བཅས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཅིག་པར་མི་རིང་བར་ཞུགས་ནས་གཙོ་སྐྱོང་གནང་རྒྱུ་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུའི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་བྱས་པ་དང་ཆབས་ཅིག་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
         ལི་པའོ་ཏུང་གིས་ཟླ་9ཚེས་4དང་5ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཅིག་པ་དེ་ཀྲུང་གོའི་ཧང་ཀྲོའུ་རུ་འཚོག་རྒྱུ་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབུ་ཚོགས་ཀྱི་དགའ་བསུའི་མཛད་སྒོ་དང་། འགོ་འཛུགས་མཛད་སྒོ། དུས་མཚམས་ལྔའི་ཚོགས་འདུ། མཇུག་འགྲིལ་ཚོགས་འདུ་སོགས་བྱེད་སྒོ་ཁག་བཅུ་ཙམ་གཙོ་སྐྱོང་གནང་རྒྱུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་གདན་ཞུས་ལྟར་ཚོགས་འདུར་ཞུགས་རྒྱུ་རེད། ཚོགས་འདུ་གྲོལ་རྗེས་ཀྲུའུ་ཞི་ཞིས་ཅིན་ཕིང་གསར་འགོད་པའི་ཚོགས་འདུར་ཞུགས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་དབུ་ཚོགས་ཀྱི་གྲུབ་འབྲས་དང་ཚོགས་འདུའི་གནས་ཚུལ་ངོ་སྤྲོད་གནང་རྒྱུ་རེད། དབུ་ཚོགས་མ་འཚོགས་གོང་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་རྒྱུ་རེད། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་གོམས་སྲོལ་ལྟར་དངོས་གཞི་མིན་པའི་ཐུག་འཕྲད་གནང་རྒྱུ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་ཐུག་འཕྲད་ལ་ཕེབས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། དབུ་ཚོགས་རིང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་དུང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཕྱོགས་གཉིས་དབར་གྱི་ཐུག་འཕྲད་གནང་ནས་དབུ་ཚོགས་ཀྱི་གྲོས་དོན་དང་། ཕྱོགས་གཉིས་པོའི་འབྲེལ་བ། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་དགོངས་ཚུལ་བརྗེ་རེས་གནང་རྒྱུ་རེད་ཅེས་གསུངས་པ་རེད།
         ཀྲུའུ་ཀོང་ཡའོ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ངར་ཤུགས་ལྡན་པ་དང་། རྒྱུན་མཐུད། དོ་སྙོམས་བཅས་ཀྱི་སྒོ་ནས་འཕར་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་ལ་དོ་ཁུར་ཆེན་པོ་བྱས་ནས་དབུ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་སོགས་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། འདི་ལོ་ཤར་ཚུན་རྒྱལ་ཁབ་ཉི་ཤུ་ཚོགས་པས་ནོར་སྲིད་དང་དངུལ་རྩའི་ཐབས་ལམ་ལ་བརྟེན་ནས་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་དང་། “ངར་ཤུགས་ལྡན་པ་དང་། རྒྱུན་མཐུད། དོ་སྙོམས་བཅས་ཀྱི་སྒོ་ནས་འཕར་རྒྱུའི་སྒྲོམ་གཞི”མ་འཇོག་དང་རྨང་གཞིའི་སྒྲིག་བཀོད། རྒྱལ་སྤྱིའི་དངུལ་རྩའི་གཞི་སྒྲོམ། དངུལ་རྩའི་སྡེ་ཚན་གྱི་སྒྱུར་བཅོས། རྒྱལ་སྤྱིའི་ཁྲལ་འབབ་མཉམ་ལས། ལྗང་མདོག་དངུལ་རྩ། གནམ་གཤིས་མ་དངུལ། འཇིགས་རྒོལ་གྱི་མ་དངུལ་མཉམ་བསྡུ་སོགས་གྲོས་དོན་ཐད་མཉམ་ལས་བྱས་པས་དེར་དགེ་ཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་པ་རེད། ཕྱོགས་ཁག་གིས་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་དམིགས་བསལ་ཁྱབ་ཁོངས་ཆེ་གྲས་9དང་མཛུབ་ཁྲིད་རྩ་དོན་48ཁ་གསལ་བཟོས་པ་དང་སྒྱུར་བཅོས་ཀྱི་འཕེལ་རིམ་དང་ཕན་འབྲས་ལ་བསྡུར་ཞིབ་བྱེད་པའི་དམིགས་ཚད་མ་ལག་གཏན་འཁེལ་བྱས་པ་དང་། 《གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཀྱི་མནའ་འབྲེལ་གྲོས་གཞི་》དང་《G20ཚོགས་པའི་གྲངས་གཞིའི་ཡོངས་ཕན་དངུལ་རྩའི་རིམ་མཐོའི་རྩ་དོན་》སོགས་ལ་གྲོས་འཆམ་བྱུང་ཡོད། ཧང་ཀྲོའུ་དབུ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་ཉེན་ཁ་མངོན་གསལ་དོད་པོར་ཁ་གཏད་གཅོག་རྒྱུར་སྔར་བས་དོ་ཁུར་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུ་དང་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་བར་སྐུལ་མ་གཏོང་བའི་ཐུན་མོང་བྱ་སྤྱོད་ལ་དོ་ཁུར་བྱ་རྒྱུ་མ་ཟད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཐུན་མོང་གི་ངོས་འཛིན་ཆགས་པ་བྱས་ནས་ཕྱི་ཕྱོགས་སུ་རྒྱལ་ཁབ་ཉི་ཤུ་ཚོགས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་བརྡ་རྟགས་ཧུར་ཐག་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         དབྱི་ཀང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན་ཀྲུང་གོས་སྤྱི་ཁོག་དུས་བབ་ལ་བརྡར་ཤ་གཅོད་པོ་དང་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་པ་དང་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་《ཧང་ཀྲོའུ་ཡི་བྱ་སྤྱོད་འཆར་གཞི་》བཟོ་རྒྱུའི་ཁྲིད་སྟོན་གཙོ་བོ་བྱས་ནས“ངར་ཤུགས་ལྡན་པ་དང་། རྒྱུན་མཐུད། དོ་སྙོམས་བཅས་ཀྱི་སྒོ་ནས་འཕར་རྒྱུའི”དམིགས་ཚད་མངོན་འགྱུར་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཀྲུང་གོས་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་ལས་དོན་ཚོགས་ཆུང་བསྐྱར་དུ་བཙུགས་ཏེ་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྔར་ལས་བརྟན་པ་དང་མཉེན་ཤུགས་ལྡན་པ་ཞིག་འཛུགས་རྒྱུར་སྐུལ་མ་བཏང་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་མུ་མཐུད་དེ་རྒྱལ་ཁབ་ཁག་དང་མཉམ་ལས་དམ་ཟབ་བྱས་ནས་ཧང་ཀྲོའུ་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་རྒྱུའི་དཔང་པོ་ཐུན་མོང་ཐོག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲའོ་དབྱི་ཏེས་ཀྲེ་ཅང་ཞིང་ཆེན་དང་ཧང་ཀྲོའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་ཞབས་ཞུ་འགན་ལེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན། ང་ཚོས་སྤུས་ཚད་ལྡན་པ་དང་། གྲོན་ཆུང་བསྲི་ཚགས་ཡོད་པའི་ཚོགས་འདུ་གཉེར་རྒྱུ་མཐའ་འཁྱོངས་བྱས་ཏེ་ད་ཡོད་ཀྱི་ཚོགས་ར་རྨང་གཞིར་བྱས་ནས་ཁྱད་ལྡན་དང་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་འབྲེལ་ཡོད་བྱེད་སྒོ་སྤེལ་ཡུལ་ལ་དགོས་ངེས་ཀྱི་སྒྱུར་བཀོད་དང་ལེགས་གཏོང་བྱ་རྒྱུ་ཡིན། མིག་སྔར་ཚོགས་ར་དང་སྒྲིག་བཀོད་སྒྲིག་ཆས་ཚང་མ་གྲ་སྒྲིག་ལེགས་པར་བྱས་ཟིན་ཡོད། དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་དེ་ཧང་ཀྲོའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་གནས་ཡོད། ང་ཚོས་སྤུས་དག་དང་། ཞི་མཐུན། ཁོང་ཡངས། སྒོ་དབྱེ་བཅས་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་ཚད་གཞི་རྩེ་གྲྭ་ལྟར་ཚོགས་འདུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།