འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭའི་རིག་གནས་སྒྱུ་རྩལ་དུས་ཆེན་ཨའེ་ཏིང་པའོ་རུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་དབྱིན་ཇིའི་ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོའི་གྲས་ཡིན་པའི་ཀྲུང་ཧྭའི་རིག་གནས་སྒྱུ་རྩལ་དུས་ཆེན་ཨའེ་ཏིང་པའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གཉེར་བ་དང་ཧུའུ་པེ་ཞིང་ཆེན་ཅིན་ཅུས་ཟློས་གར་ཁང་དང་། ཧྲང་ཧའེ་ཟློས་གར་སློབ་གླིང་། ཕུའུ་ཏན་སློབ་ཆེན་ཟློས་གར་ཁང་སོགས་ཀྱིས་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་ཀྲུང་ཧྭའི་རིག་གནས་སྒྱུ་རྩལ་གླེང་སྟེགས་ཀྱང་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པ་རེད།
         ཧུའུ་པེ་ཞིང་ཆེན་ཅིན་ཅུས་ཟློས་གར་ཁང་གིས་རྩེར་སོན་གྱི་ཟློས་གར་《སུམ་མདོ་》དང་《སྦྲུལ་དཀར་གཏམ་རྒྱུད་》སོགས་འཁྲབ་སྟོན་བྱས་ཤིང་། ཡིད་དབང་འཕྲོག་པའི་འཁྲབ་ཆས་དང་། ཉམས་འགྱུར་ལྡན་པའི་གར་སྟབས། རྣ་བར་སྙན་པའི་དབྱངས་རྟ་བཅས་ལ་ལྟད་མོ་བ་ཚོའི་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད།
         གཞན་ཡང་ཕུའུ་ཏན་སློབ་ཆེན་ཟློས་གར་ཁང་གིས་ཧྲ་ཧྲའེ་པི་ཡའི་བརྩམས་ཆོས་《ལི་ཁྲ་སྐུ་ཕྲེང་གཉིས་པ་》འཁྲབ་པ་དང་ཧྲང་ཧའེ་ཟློས་གར་སློབ་གླིང་གིས་ཤིང་བཟོས་འདྲ་གཟུགས་ཀྱི་ཟློས་གར་འཁྲབ་ཅིང་། པེ་ཅིང་དགེ་འོས་སློབ་ཆེན་ཞོར་གཏོགས་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཚོས་ཀྱང་དམངས་ཁྲོད་ཀྱི་རོལ་ཆ་དཀྲོལ་བ་དང་ཞབས་བྲོ་འཁྲབ་པ་རེད།
         ཀྲུང་གོའི་རིག་གནས་སྒྱུ་རྩལ་གླེང་སྟེགས་ཐོག་ཀྲུང་གོའི་སྐུ་མགྲོན་གྱིས་ཁག་སོ་སོར་ཅིན་ཅུས་ཟློས་གར་དང་། ཀྲུང་གོའི་སློབ་འབྲིང་སྒྱུ་རྩལ་སློབ་གསོའི་གནས་ཚུལ། ཧྲ་ཧྲའེ་པི་ཡས་ཀྲུང་གོའི་སློབ་གྲྭའི་ཟློས་གར་ལ་ཐེབས་པའི་ཤུགས་རྐྱེན་དང་ཀྲུང་གོའི་དེང་རབས་ཀྱི་ཆུ་ཚོན་རི་མོ་སོགས་ངོ་སྤྲོད་བྱས་པ་རེད།
         ད་ཐེངས་ཀྱི་བྱེད་སྒོ་དེ་སུའུ་ཀེ་ལན་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་སྒྱུར་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ཨའེ་ཏིང་པའོ་ཟུར་གནས་སྒྱུ་རྩལ་དུས་ཆེན་གྱི་རིག་གནས་བྱེད་སྒོ་ཆེ་གྲས་དེ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།