འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་སྦྲག་འཛིན་ལྷ་སར་ཐོག་མར་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་འགོ་ཚུགས་ཤིང་། ཚེས་5ཉིན་གྱི་སྔ་དྲོ་《ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་》དྲན་རྟེན་སྦྲག་འཛིན་ལྷ་སར་ཐོག་མར་བཏོན་པ་རེད།
         དྲན་རྟེན་སྦྲག་འཛིན་ཆ་ཚང་གཅིག་ལ་སྦྲག་འཛིན་གཉིས་ཡོད་ཅིང་། སྦྲག་འཛིན་དང་པོ་དེར་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་པར་རིས་བཀོད་པ་དེའི་གནས་ཐང་སྒོར་1.20ཡིན་པ་དང་། སྦྲག་འཛིན་གཉིས་པ་དེར་སྐྱེས་པའི་མཐུད་རྒྱུག་པར་རིས་བཀོད་པ་དེའི་གནས་ཐང་སྒོར་1.50ཡིན། སྦྲག་འཛིན་དེ་གཉིས་ལ་པར་ཙིར་དང་ཀྲུང་གོའི་རྒྱལ་དར་གྱི་ཚོན་མདོག་གཙོ་བོ་སྤྱད་ཡོད། བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོ་སྔོན་པོ་དང་། ལྗང་ཁུ། སེར་པོ་བཅས་ཚོན་མདོག་གསུམ་ལས་གྲུབ་པ་དང་སྐྱེས་པའི་མཐུད་རྒྱུག་དམར་སྨུག་དང་། དམར་པོ། སེར་པོ་བཅས་ཚོན་མདོག་གསུམ་ལས་གྲུབ་ཡོད།
         ཤེས་རྟོགས་བྱས་པར་གཞིགས་ན། དྲན་རྟེན་སྦྲག་འཛིན་ཆ་ཚང་དེ་རྒྱལ་ཡོངས་སུ་ཁྲི་1500བཏོན་པ་དེའི་ནང་ལྷ་སར་13160བཏོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།