འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་ཁང་ནང་རྐང་འཁོར་གྱི་བུད་མེད་ཚོགས་པའི་འགྲན་བསྡུར་
    ནང་ཀྲུང་གོའི་ཚོགས་པས་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་ཁང་ནང་རྐང་འཁོར་གྱི་བུད་མེད་ཚོགས་པའི་འགྲན་བསྡུར་
ནང་ཀྲུང་གོའི་ཚོགས་པས་ཨང་དང་པོ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ལི་གཡོད་དུས་ཚོད་ཟླ་8ཚེས་12ཉིན་གྱི་རྟིང་རྩོད་འགྲན་བསྡུར་ནང་ཀྲུང་གོའི་ཚོགས་པས་སྐར་ཆ་32.107གྱི་གྲུབ་འབྲས་ཐོག་ནས་ཨུ་རུ་སུའི་རུ་ཁག་ལས་སྐར་ཆ་0.3གྱིས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་དང་དེ་ཐོག་ནས་ཀྲུང་གོར་རྐང་འཁོར་འགྲན་བསྡུར་ནང་ཨོ་རྩལ་གྱི་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་ཁང་ནང་རྐང་འཁོར་གྱི་བུད་མེད་ཚོགས་པའི་འགྲན་རའི་ནང་ཀུང་ཅིན་ཅེ་དང་ཀྲུང་ཐན་ཧྲིའི་ནུས་པ་འགྲན་ཟླ་བྲལ་བ་ཞིག་རེད། འོས་ཐོབ་འགྲན་བསྡུར་ནང་ཁོང་གཉིས་ཀྱིས་སྐར་ཆ་32.305ཡི་གྲུབ་འབྲས་ཐོག་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་འགྲན་བསྡུར་རྗེས་མའི་ནང་ཚུད་པ་དང་དེ་རྗེས་སླར་ཡང་སྐར་ཆ་31.928ཀྱི་གྲུབ་འབྲས་ཐོག་ནས་རང་ཉིད་ཀྱིས་རྒྱུན་འཛིན་བྱས་པའི་འཛམ་གླིང་གི་ཟིན་ཐོ་གཏོར་བ་རེད།
    ༄༅།།ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་ཁང་ནང་རྐང་འཁོར་གྱི་བུད་མེད་ཚོགས་པའི་འགྲན་བསྡུར་
ནང་ཀྲུང་གོའི་ཚོགས་པས་ཨང་དང་པོ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།