འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་ཡིས་བྱ་ཐབས་བཏོན་ནས་མ་མཐའི་འཚོ་བ་འགན་ལེན་རེ་ཞུ་བྱེད་སྐབས་ཁྱིམ་ཚང་
    ཡོངས་ཀྱི་ཡོང་འབབ་ཞིབ་བསྡུར་བྱེད་དགོས་པའི་གཏན་འབེབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་ཨན་ཧུའེ་ཞིང་ཆེན་གྱིས་《ཨན་ཧུའེ་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱིམ་ཚང་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱ་ཐབས (ཚོད་ལྟའི་ལག་བསྟར)》འགྲེམས་སྤེལ་བྱས་ནས་ཨན་ཧུའེ་ཞིང་ཆེན་གྱི་སྲིད་འཛིན་ཁྱབ་ཁོངས་ནང་གི་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར། གནས་སྐབས་རོགས་སྐྱོབ་སོགས་ཀྱི་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་བྱེད་སྐབས་དེ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་རོགས་སྐྱོབ་རེ་བ་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།བྱ་ཐབས་ནང་ཞིབ་བསྡུར་བྱ་ཡུལ་ནི་ཞིབ་བསྡུར་དང་ལེན་བྱེད་མཁན་རེ་བ་ཞུ་མི་དང་དེ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ཁྱིམ་ཚང་གི་ཁོངས་མི་ཡིན་པ་དང་། དེའི་ནང་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་ཁྱིམ་ཚང་ཁོངས་མིའི་གྲས་སུ་བཟའ་ཟླ་དང་། ཕ་མ། ན་སོ་དར་ལ་མ་བབས་པའི་བུ་ཕྲུག ན་སོ་དར་ལ་བབས་ཀྱང་འཚོ་བ་རང་མགོ་མ་ཐོན་པའི་བུ་ཕྲུག་བཅས་དང་དེ་བཞིན་ཁྲིམས་གཏན་འཁེལ་བའི་བསྲི་ཞུ་དང་། གསོ་ཉར། གསོ་ཉར་འོས་འགན་འབྲེལ་བ་ཡོད་པ་དང་དུས་ཡུན་རིང་པོ་མཉམ་དུ་སྡོད་པའི་མི་སྣ་ཚུད་པའི་གཏན་འབེབས་བྱས་ཡོད་པ་རེད།
         བྱ་ཐབས་ནང་ཞིབ་བསྡུར་གྱི་ནང་དོན་གྲས་སུ་ཞིབ་བསྡུར་བྱ་ཡུལ་ཁྱིམ་ཚང་གི་མི་འབོར་དང་། ཐེམ་ཐོའི་གནས་ཚུལ། ཁྱིམ་ཚང་གི་ཡོང་འབབ། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་བཅས་དང་དེ་བཞིན་ཁྲིམས་གཏན་འཁེལ་བའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཞིབ་བསྡུར་བྱེད་དགོས་པའི་ནང་དོན་གཞན་དག་ཚུད་ཡོད་པ་རེད། དེའི་ནང་ཁྱིམ་ཚང་གི་ཡོང་འབབ་ནི་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་ཁྱིམ་ཚང་གི་ཁོངས་མིར་གཏན་འབེབས་དུས་ཚད་ནང་ཐོབ་པའི་དངུལ་སྨར་དང་དངོས་པོའི་ཡོང་འབབ་ཆ་ཚང་ཡིན་པ་རེད། ཁྱིམ་ཚང་གི་རྒྱུ་ནོར་ཞེས་པ་ནི་ཁྱིམ་ཚང་གི་ཁོངས་མིར་བདག་པའི་ཉེར་སྤྱོད་རྒྱུ་ནོར་དང་གཏན་འཇགས་རྒྱུ་ནོར་ཚང་མ་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་རོགས་སྐྱོར་གྱི་རྣམ་གྲངས་དགོས་མཁོ་གཞིར་བཟུང་སྤྱི་ཚོགས་རོགས་སྐྱོབ་དོ་དམ་སྡེ་ཚན་གྱི་མངགས་བཅོལ་དང་དེ་བཞིན་རེ་ཞུ་བས་དབང་ཆ་སྤྲོད་པ་གཞིར་བཟུང་ཞིབ་བསྡུར་སྒྲིག་གཞིས་མི་སྒེར་དང་ཁྱིམ་ཚང་གི་གཏོང་ཡོང་གནས་ཚུལ་ལ་ཞིབ་བསྡུར་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།