འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་རྩེ་རྫོང་གི་ཆུ་རགས་ཀྱི་རགས་ཁ་བདེ་བླག་ངང་བཀག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། དྲག་ཆས་ཉེན་རྟོག་ཆུ་གློག་དཔུང་སྡེ་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཉིན་ཤས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཆུ་རགས་ཀྱི་རགས་ཁ་བདེ་བླག་ངང་བཀག་ཐུབ་པ་བྱུང་ཡོད།
         ཟླ་8ཚེས་2ཉིན། དྲག་ཆར་བསྟུད་མར་འབབ་པ་བརྒྱུད་ཡར་ཀླུང་གཙང་པོའི་ཆུ་ཁ་རྒྱས་ནས་ལྷ་རྩེ་རྫོང་ཁོངས་ཀྱི་བཀྲ་ཤིས་རབ་བརྟན་ཆུ་རགས་ཀྱི་རགས་ཁ་ཤོར་བའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རགས་ཁ་ཤོར་བ་ལས་རྩྭ་ཐང་མུའུ་7410དང་། ས་ཞིང་མུའུ་1650ནགས་ས་མུའུ་2460བཅས་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་རུང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད།
         མིག་སྔར། དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཆུ་རགས་ཀྱི་རགས་ཁ་ཤོར་སར་རྡོ་རྩིག་བརྒྱབ་ནས་མཁྲེགས་སུ་གཏོང་བཞིན་ཡོད། རོགས་སྐྱོབ་སྟོབས་ཤུགས་ཀྱིས་སྐོར་ཞིབ་བྱས་པ་བརྒྱུད་རགས་ཁ་ཤོར་ས་ནས་སྤྱི་ལེ་8ཀྱི་མདོ་སྨོན་གྲོང་ཚོའི་ཆུ་རགས་ལ་བདེ་འཇགས་ཀྱི་མི་མངོན་པའི་གནོད་འཚེ་ལྷག་པ་ཤེས་རྟོགས་བྱུང་མ་ཐག་འཕྲལ་མར་ཁུལ་དེའི་ཆུ་རགས་ཀྱི་རགས་ཁ་མཁྲེགས་སུ་གཏོང་བར་བསྐྱོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།