འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་འཕྲིན་ཁ་བསླུས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བས་ངོགས་གཉིས་ཀྱི་དམངས་ཚོགས་
    ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཅེས་བཤད་པ། 

    ཐའེ་དབན་ཕྱོགས་ཀྱིས་ངོགས་གཉིས་ཀྱི་འབྲེལ་གཏུག་ལམ་སྲོལ་སླར་གསོ་ཡོང་ཆེད་འབད་བརྩོན་ཏན་ཏིག་བྱེད་དགོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8་ཉིན་འདྲི་རྩད་ལ་བརྡ་ལན་སློག་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་ཐའེ་དབན་ནས་ཡིན་པའི་གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་དོགས་ཅན་5ཁེན་ནི་ཡ་ནས་སྐམ་ས་ཆེན་པོར་བཟུང་སྐྱེལ་བྱས་པར་སྤྲོད་བྱུང་ཡོད། ཁོང་གིས་གློག་འཕྲིན་ཁ་བསླུས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བས་ངོགས་གཉིས་དམངས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཅེས་བརྗོད་པ་རེད།
         གསར་འགོད་པ་ཞིག་གིས་དྲིས་དོན། ཐའེ་དབན་ཕྱོགས་ཀྱི་སྲིད་འཛིན་ཁང་སྐམ་ས་ཆེན་པོ་ཨུ་ཡོན་ལྷན་ཁང་གིས་ཐའེ་དབན་ནས་ཡིན་པའི་གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་དོགས་ཅན་5ཁེན་ནི་ཡ་ནས་ཀྲུང་གོའི་སྐམ་ས་ཆེན་པོར་བཟུང་སྐྱེལ་བྱས་ཡོང་བའི་དོན་དེའི་ཐད། ངོགས་གཉིས་ཀྱི་འབྲེལ་གཏུག་འབྲེལ་ལམ་བརྒྱུད་ནས་སྐམ་ས་ཆེན་པོའི་ཕྱོགས་ལ་ངོ་རྒོལ་བྱས་ཡོད་ཅེས་བརྗོད་པར། ཁྱེད་ཀྱིས་བདེན་མིན་ར་སྤྲོད་གནང་རོགས་ཞུ།
    མཱ་ཞའོ་ཀོང་གིས། ད་རེས་ཁེན་ནི་ཡ་ནས་རྩིས་སྤྲད་པའི་ནང་ཐའེ་དབན་གྱི་ཡུལ་མི་5ཚུད་པའི་གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་དོགས་ཅན་40ཡོད་པ་དང་། ད་ལོའི་ཟླ་4པར་ཕྱིར་ལོག་ཏུ་བཅུག་པའི་མི་37དང་གྱོད་གཞི་གཅིག་ཡིན་ལ་གནོད་འཚེ་ཕོག་མཁན་ཚང་མ་སྐམ་ས་ཆེན་པོར་ཡོད་པ་དང་བདེན་དཔང་གཙོ་བོ་ཡང་སྐམ་ས་ཆེན་པོར་ཡོད། རྒྱལ་ཁོངས་བརྒལ་བའི་གློག་འཕྲིན་ཁ་བསླུས་ཉེས་གསོག་ཚོགས་པའི་གནས་ཚུལ་དེར་གཙང་བཤེར་དཔྱིས་ཕྱིན་པ་བྱ་ཆེད། སྐམ་ས་ཆེན་པོའི་ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོ་བཟུང་སྐྱེལ་བྱས་ཏེ་སྐམ་ས་ཆེན་པོར་ལོག་ནས་གྱོད་གཞི་ཧྲིལ་པོར་མྱུལ་ཞིབ་སྒྲུབ་གཉེར་བྱ་རྒྱུ་རེད། དེས་ཉེས་གསོག་ལ་རྡུང་རྡེག་ནུས་ལྡན་གཏོང་རྒྱུར་ཕན་ཐོགས་པ་དང་གནོད་འཚེ་ཕོག་མཁན་ཆེད་བདེན་པའི་རྒྱབ་ལངས་བྱས་པས་ངོགས་གཉིས་དམངས་ཚོགས་ཀྱི་རྒྱབ་སྐྱོར་ཡོངས་ཁྱབ་ཏུ་ཐོབ་ཡོད་ཅེས་བརྗོད་པ་རེད།
         མཱ་ཞའོ་ཀོང་གིས། ངོགས་གཉིས་འབྲེལ་གཏུག་འབྲེལ་འདྲིས་ལམ་སྲོལ་སྐོར་གྱི་དོན་དེར། ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་ཀྲུང་གོའི་རྩ་དོན་མཚོན་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”དེར་ཁས་ལེན་བྱེད་མ་ཐུབ་པའི་རྐྱེན་གྱིས།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་དང་། ཐའེ་དབན་ཕྱོགས་ཀྱི་སྲིད་འཛིན་ཁང་སྐམ་ས་ཆེན་པོ་ཨུ་ཡོན་ལྷན་ཁང་། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་མཐུན་ཚོགས། ཐའེ་དབན་མཚོ་འགག་སྤེལ་རེས་ཐེབས་རྩ་ཚོགས་པ་བཅས་ཀྱི་འབྲེལ་གཏུག་འབྲེལ་འདྲིས་དང་གྲོས་མོལ་ལམ་སྲོལ་མཚམས་བཞག་ཟིན། ཐའེ་དབན་ཕྱོགས་ཀྱིས་དོན་དངོས་དེར་ལྟ་སྟངས་ཡང་དག་འཛིན་དགོས་པ་མ་ཟད་གཉེར་སྐྱོང་ལམ་སྲོལ་སླར་གསོ་ཡོང་ཆེད་འབད་བརྩོན་ཏན་ཏིག་ཀྱང་བྱེད་དགོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།