འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོར་རང་རྒྱལ་གྱི་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་
    ཁྲི་2.1ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《2015ལོའི་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཀྱི་དབྱེ་ཞིབ་སྙན་ཞུ་》ཟླ་8ཚེས་8ཉིན་པེ་ཅིང་དུ་ཡོངས་བསྒྲགས་བྱས་པ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། 2015ལོར་གསར་འགྱུར་དཔེ་སྐྲུན་ཐོན་ལས་མུ་མཐུད་འཕར་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2.1ལས་བརྒལ་ཏེ་2014ལོ་ལས་8.5%འཕར་བ་རེད།
         《སྙན་ཞུའི་》ནང་བསྟན་དོན། བརྗོད་དོན་གཙོ་བོ་དཔེ་སྐྲུན་དང་གཙོ་རྒྱུན་སྨྱན་སྦྱོར་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ལོ་འཁོར་མོར་སྣ་ཁ་རྐྱང་པ་ཁྱོན་པར་འདེབས་བྱེད་ཚད་མདུན་གྲལ་གྱི་མིང་རིམ་ཨང་10པའི་ནང་སླེབས་པའི་དཔེ་དེབ་ནང་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དཔེ་དེབ་ཀྱིས་ཕྱེད་ཀ་བཟུང་ཡོད། དེའི་ནང་《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་སྐོར་གྱི་ཞིས་ཅིན་ཕིང་གི་རྣམ་བཤད་གནད་བཏུས་》དེབ་གྲངས་ཁྲི་550ལས་བརྒལ་བ་དང་《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུག་སྐོར་གླེང་བ་》དེབ་གྲངས་ཁྲི་400ལས་བརྒལ་ཡོད་པ་རེད།
         《སྙན་ཞུའི་》ནང་བསྟན་དོན། གྲངས་གཞིའི་དཔེ་སྐྲུན་མུ་མཐུད་འཕར་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཕར་གནས་གཙོ་བོར་གྱུར་ཡོད། གྲངས་གཞིའི་དཔེ་སྐྲུན་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་4403.9ཟིན་པ་དེ་2014ལོ་ལས་སྒོར་དུང་ཕྱུར་1016.2འཕར་ནས་30.0%མང་དུ་ཕྱིན་པ་དེས་ལས་རིགས་ཡོངས་ཀྱི་ལས་གཉེར་ཡོང་འབབ་ཀྱི་20.3%བཟུང་ནས་བརྒྱ་ཆའི་གྲངས་3.4མཐོ་རུ་སོང་ཡོད། ལས་རིགས་ཡོངས་ཀྱི་ལས་གཉེར་ཡོང་འབབ་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་60.2%ཟིན་ཡོད། འཕར་བའི་མྱུར་ཚད་དང་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་དེ་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཁག་ནང་ཚང་མ་ཨང་དང་པོར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།