འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚོང་དོན་དངུལ་
    འབོར་ཨ་སྒོར་དུང་ཕྱུར་9955ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཏན་དབྱང་གིས་2015ལོར་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་ཁབ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་9955ཟིན་པ་དེས་རྒྱལ་ཡོངས་ཀྱི་ཚོང་དོན་དངུལ་འབོར་གྱི་25.1%བཟུང་ཡོད་ཅེས་བརྗོད་པ་རེད།
         ཧྲེན་ཏན་དབྱང་གིས་ན་ནིང་ཟླ་3པར་ཚོང་དོན་པུས་འཕེལ་སྒྱུར་ཨུ་ལྷན་དང་ཕྱི་འབྲེལ་པུའུ་དང་མཉམ་འབྲེལ་ཐོག་《དར་གོས་བགྲོད་ལམ་དང་དུས་རབས་21པའི་མཚོ་ཐོག་དར་གོས་བགྲོད་ལམ་ཐུན་མོང་ཐོག་བསྐྲུན་རྒྱུར་སྐུལ་མ་གཏོང་བའི་འདུན་པ་དང་བྱ་སྤྱོད་》ཁྱབ་བསྒྲགས་བྱས་པ་རེད། ལོ་གཅིག་ལྷག་ཙམ་རིང་ཚོང་དོན་པུས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་གང་ལེགས་སྤྱད་དེ་ཕྱི་རྒྱལ་དུ་བཅའ་སྡོད་དཔལ་འབྱོར་ཚོང་དོན་སྒྲིག་གཞིའི་མདུན་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་དང་འབྲེལ་མཐུད་སྤེལ་རེས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པར་གཡུར་ཟའི་འབྲས་བུ་ཐོབ་ཡོད་ཅེས་བརྗོད་པ་རེད།
         ཧྲེན་ཏན་དབྱང་གིས་2015ལོར་རང་རྒྱལ་གྱི་ཁེ་ལས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་148.2བྱས་པ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་འཇོག་ཨ་སྒོར་དུང་ཕྱུར་84.6བྱས་པ་དེ་དུས་མཚུངས་ལས་18.2%དང་23.8%སོ་སོར་འཕར་ཡོད། འདི་ལོའི་ཟླ་དང་པོ་དང་གཉིས་པར་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1341ཟིན་པ་དེས་རྒྱལ་ཡོངས་ཀྱི་ཚོང་དོན་དངུལ་འབོར་གྱི་26.26%བཟུང་བ་དང་ཀྲུང་གོའི་ཁེ་ལས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་22.3བྱས་པ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་འཇོག་ཨ་སྒོར་དུང་ཕྱུར་10.7བྱས་པ་དེ་དུས་མཚུངས་ལས་41.1%དང་5.2%སོ་སོར་འཕར་ཡོད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།