༄༅།།བོད་ལྗོངས་ཀྱི་ལས་རིགས་ཁག་གི་མི་སྣས་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་
བོར་རྗེས་དྲན་ཞུས་པ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 04ཚེས་06ཉིན། 10:00】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)
མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན་བོད་ཀྱི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་དང་དེ་བཞིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོར་ཡོང་སྟེ་མཆོད་པ་ཕུལ་ནས་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་དང་གུས་བཀུར་ཞུ་ལུགས་མཚོན་པར་བྱས་པ། འདི་ནི་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ལོ་ཆུང་གདོང་ལེན་རུ་མིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་འབུལ་བའི་གནས་ཚུལ་ཡིན་པ།
 |
འདི་ནི་བུད་མེད་ཅིག་གིས་སྔོན་གཤེགས་དཔའ་བོ་ཁུང་ཧྥན་སེན་གྱི་རྡོ་རིང་མདུན་ལ་མེ་ཏོག་འབུལ་བའི་གནས་ཚུལ་ཡིན་པ། |