འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཤིས་ཀན་ཀྲོའུ་ཡི་མང་ཚོགས་ཀྱིས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དྭངས་གསལ་དུས་ཚིགས་སུ་ཀན་ཀྲོའུ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་མང་ཚོགས་ཀྱིས་ས་གནས་ཁག་གི་དམར་དམག་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་རང་འགུལ་ངང་བསྐྱོད་དེ་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་མྱ་ངན་རྗེས་དྲན་དང་ཁོང་ཚོའི་རླབས་ཆེན་མཛད་རྗེས་ཕྱིར་དྲན་བྱས་པ་རེད།
         ཟླ་4ཚེས་1ཉིན། རུའེ་ཅིན་གྲོང་ཁྱེར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་གསོ་ཁང་གི་སྒོ་མོ་དངོས་སུ་ཕྱེ་ཞིང་། ས་གནས་དེ་གའི་ལས་བྱེད་ལས་བཟོ་དང་། བཅའ་སྡོད་དཔུང་སྡེའི་དཔོན་དམག དྲག་ཆས་ཉེན་རྟོག་པ། དམར་དམག་གི་མི་རབས་རྗེས་མ། མང་ཚོགས་བཅས་ཁྱོན་མི་5000ལྷག་ཙམ་གྱིས་མཆོད་རྫས་སྣ་ཚོགས་འཁྱེར་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་དང་རྗེས་དྲན་ཞུས་ཤིང་། ཁོང་ཚོས་མེ་ཏོག་མཆོད་པ་འབུལ་བ་དང་། མཆོད་རྫས་འབུལ་བ། དམར་དམག་སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་ལ་སྐོར་བ་རྒྱག་པ་སོགས་རྣམ་པ་སྣ་ཚོགས་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་མྱ་ངན་དང་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།
         ཟླ་3ཚེས་30ཉིན་ནས་ཟླ་4ཚེས་8ཉིན་བར། ཀྲང་ཀྲོའུ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་ད་དུང“དྭངས་གསལ་དུས་ཚིགས་ཀྱི་སྲོལ་གསར”ཞེས་པའི་དྲ་རྒྱའི་ཁྱབ་སྤེལ་བྱེད་སྒོ་སྤེལ་ཞིང་། རྒྱ་ཆེའི་དྲ་རྒྱའི་སྨྱན་སྦྱོར་གདན་དྲངས་ཏེ་དྲ་རྒྱ་བརྒྱུད་བརྩེ་སེམས་འཆང་ཚུལ་མཚོན་པར་བྱེད་པ་དང་སྔོན་རབས་པར་རྗེས་དྲན་ཞུ་བའི་ཐོག་ནས་རང་ཉིད་ལ་དབང་བའམ་ཡང་ན་ཉེ་འཁོར་གྱི“དྭངས་གསལ་དུས་ཚིགས་ཀྱི་སྲོལ་གསར”ལོངས་སུ་སྤྱད་པ་རེད། བྱེད་སྒོ་སྤེལ་འགོ་ཚུགས་རྗེས་རྒྱ་ཆེའི་དྲ་གྲོགས་དང་གྲོང་མི་གྲོགས་པོ་ཚོས་ཤིན་ལང་གི་བརྗོད་བྱ་ཐུང་གྲས“དྭངས་གསལ་དུས་ཚིགས་ཀྱི་སྲོལ་གསར”ཞེས་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།