མི་དམངས་དྲ་བ།

༄༅།།ཀུའོ་པོ་ཞུང་ལ་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་འདྲི་དཔྱོད་ཞུ་
གཏུག་བྱེད་རྒྱུར་སྤོ་སྐྱེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་ཞིབ་དཔྱོད་ཁང་གིས་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཀུའོ་པོ་ཞུང་ལ་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་བརྟག་དཔྱད་བྱེད་མཇུག་བསྒྲིལ་ཏེ་འདྲི་དཔྱོད་ཞུ་གཏུག་བྱེད་རྒྱུར་སྤོ་སྐྱེལ་བྱས་པ་རེད།
         དམག་དོན་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་རྩད་ཞིབ་གསལ་པོ་བྱས་པ་ལྟར་ན། ཀུའོ་པོ་ཞུང་གིས་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་གྱིས་གོ་གནས་སྤར་བའམ་ལས་གནས་སྐོང་འཐེན་བྱེད་པར་རོགས་རམ་བྱས་པ་དང་། རང་ཉིད་དངོས་སུའམ་ཡང་ན་ཁྱིམ་མི་བརྒྱུད་དེ་ལྐོག་རྔན་བླངས་ཤིང་གྲངས་འབོར་ཡང་ཧ་ཅང་ཆེ་བ་རེད། ཀུའོ་པོ་ཞུང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པའི་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་པ་རེད།