འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོར་ལྕགས་ལམ་ཐོག་འགྲུལ་པ་མི་
    ཐེངས་ཁྲི་ཆིག་སྟོང་ལྷག་ཙམ་སྐྱེལ་འདྲེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན་གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་2ཉིན་གྱི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི་1162.3སྐྱེལ་འདྲེན་བྱས་པ་དེ་ན་ནིང་འགྲུལ་པ་མང་ཤོས་ལས་མི་ཐེངས་ཁྲི་115.7མང་བ་ཡོད་པ་དང་། ན་ནིང་གི་དུས་མཚུངས་ལས་11.1%འཕར་བའི་ནང་ཤུགས་འགྲེམས་མེ་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཕྱེད་ཀ་ཙམ་ཟིན་ཡོད་པ་རེད།
         ཚེས་2ཉིན། ཤུགས་འགྲེམས་མེ་འཁོར་གྱིས་ཉིན་གཅིག་ལ་འགྲུལ་པ་མི་ཐེངས་ཁྲི་508.9སྐྱེལ་འདྲེན་བྱས་པ་དང་ཚེས་1ཉིན་འགྲུལ་པ་མི་ཐེངས་ཁྲི་535སྐྱེལ་འདྲེན་བྱས་པས་འགྲུལ་པ་མི་ཐེངས་ཁྲི་500ལྷག་ཙམ་ལས་ཐེངས་དང་པོ་བརྒལ་ཡོད།
         རྒྱ་ཆེའི་འགྲུལ་པའི་ངལ་གསོའི་དུས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྐོང་ཆེད། ལྕགས་ལམ་སྡེ་ཚན་གྱིས་ཡུལ་སྐོར་ཐད་གཏོང་མེ་འཁོར་མང་དུ་བཏང་ཞིང་། ཧྲེ་དབྱང་ལྕགས་ལམ་ཅུས་ཀྱིས་ལེའོ་ཉིང་དང་ཅི་ལིང་སོགས་གྲོང་ཁྱེར་གཙོ་བོར་འགྲུལ་སྐྱེལ་མེ་འཁོར་23མང་དུ་བཏང་བ་དང་དུས་མཚུངས། བྱང་ཤར་ཐག་རིང་ས་ཁུལ་གྱི་མི་སེར་ཚོའི་དུར་ཕྱགས་དང་མཆོད་འབུལ་བྱ་རྒྱུར་སྟབས་བདེ་བསྐྲུན་ཆེད། ཧྲེ་དབྱང་ལྕགས་ལམ་ཅུས་ཀྱིས་ད་དུང“འབབ་ཚུགས་ཚང་མར་ཁ་འགོག་པའི”མེ་འཁོར་ཆུང་གྲས་65བཏང་ཞིང་། ཀྲེང་ཀྲོའུ་ལྕགས་ལམ་ཅུས་ཀྱིས“མེ་ཏོག་ལི་ཧའི་ཆེད་སྤྱོད་མེ་འཁོར”དང“ལྷོ་ཆུ་བྱང་འདྲེན་རྟགས་ཅན”སོགས་ཀྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་བཏང་བ། ནན་ཉིང་ལྕགས་ལམ་ཅུས་ཀྱིས་ནན་ཉིང་དང་། ལིའུ་ཀྲོའུ། པེ་ཧའེ་སོགས་སུ་སྐྱོད་པའི་གསར་བརྗེ་ཁུལ་རྙིང་པའི“གསར་བརྗེའི་ཡུལ་སྐོར་ཤུགས་འགྲེམས་ཆེད་སྤྱོད་མེ་འཁོར”ཐེངས་དང་པོ་བཏང་བ། ཁུན་མིང་ལྕགས་ལམ་ཅུས་ཀྱིས་ཁུན་མིང་ནས་ལུའོ་ཕིང་དང་ལི་ཅང་སོགས་སུ་སྤྲོ་སྐྱིད་གཏོང་བར་སྐྱོད་པའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་4བཏང་བ། ལན་ཀྲོའུ་ལྕགས་ལམ་ཅུས་ཀྱིས་ལན་ཀྲོའུ་དང་ཐན་ཧྲེའུ་ནས་ཝུའུ་རུམ་མུའུ་ཆེ་བར་གྱི་འགྲུལ་སྐྱེལ་མེ་འཁོར་བཏང་ནས་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོ་སྐོང་གང་ཐུབ་ཅི་ཐུབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།