འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རི་མོའི་འཛིན་གྲྭའི་ནང་གི་ཐང་གའི་ལྷ་རིས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རི་མོའི་འཛིན་གྲྭའི་ནང་གི་ཐང་གའི་ལྷ་རིས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་བོད་རིགས་ན་གཞོན་བསྟན་འཛིན་ཤེས་རབ་ཀྱིས་ལྷ་རིས་སྦྱོང་བཞིན་ཡོད་པ། ཁམས་ཀྱི་སྨན་ཐང་འབྲི་རྒྱུན་ནི་ས་གནས་དེ་རུ་དར་བའི་འབྲི་རྒྱུན་ཞིག་ཡིན་ཞིང་། ད་བར་དུ་ལོ་ངོ་700ལྷག་གི་ལོ་རྒྱུས་ལྡན། ས་གནས་དེ་གས་ལྷ་རིས་འབྲི་སྦྱོང་གི་འཛིན་གྲྭ་བཙུགས་པ་དང་།  ཁྱིམ་དུད་ཀྱི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་བྱིས་པ་ཚོ་གནས་འདི་སློབ་ཡོན་སྤྲོད་མི་དགོས་པར་སློབ་སྦྱོང་བྱེད་པར་ཡོང་ཆོག་པ་རེད། ལོ་ལྔ་དྲུག་ཙམ་གྱི་སློབ་གཉེར་བྱས་རྗེས་སློབ་མ་ཚོས་དགེ་ཕྲུག་ཐོན་ཏེ་རང་ཉིད་ཀྱིས་རི་མོ་འབྲི་ཁང་འཛུགས་ཐུབ་པ་རེད། 1992ལོར་རི་མོ་འབྲི་སྦྱོང་འཛིན་གྲྭ་བཙུགས་པ་ནས་ད་བར་དུ་བསྡོམས་པས་ལྷ་རིས་པ་455གསོ་སྐྱོང་བྱས་ཡོད་ལ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཐང་གའི་རིག་གནས་རྒྱུན་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།