འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོ་སྤང་མདའ་གནམ་ཐང་གིས་འཚིག་རྨས་བྱིས་པ་སྐྱོབ་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར“འཚིག་རྨས་བྱིས་པ་བསྟན་འཛིན་འཕྲལ་མར་སྨན་ཁང་སྒྱུར་ནས་སྨན་བཅོས་བྱེད་དགོས་པས་གནམ་གྲུའི་སྤ་སེ་ནང་བཤུག་བྱ་རྒྱུའི་རེ་ཞུའི”རོགས་སྐྱོར་གསར་འགྱུར་ཞིག་སྐད་འཕྲིན་གྱི་གྲོགས་པོའི་འཁོར་རྒྱའི་ནང་ཁེངས། ཆབ་མདོ་བྲག་གཡབ་རྫོང་སྨད་སྟོད་གྲོང་ཚོའི་དུད་ཚང་ཞིག་ལ་མེ་ཤོར་ནས་ཁྱིམ་དུ་གཅིག་པུར་ལུས་པའི་བྱིས་པ་བསྟན་འཛིན་སྐལ་བཟང་སྟབས་མི་ལེགས་པར་འཚིག སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་འཚིག་རྨས་ཀྱི་གནས་ཚུལ་ཚབས་ཆེ་བས་འཕྲལ་མར་ཁྲེང་ཏུར་སྨན་བཅོས་བྱེད་པར་སྐྱོད་དགོས་ལུགས་བཤད། ཆབ་མདོ་སྤང་མདའ་གནམ་ཐང་གིས་འཕྲལ་དུ་དོན་དེར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་བུ་བསྟན་འཛིན་སྨན་ཁང་དུ་སྐྱོད་རྒྱུར་དུས་ཚོད་བརྩོན་ལེན་བྱས། ལོ་གཅིག་དང་ལོ་ཕྱེད་ཙམ་ལ་སླེབས་པའི་བུ་བསྟན་འཛིན་གྱི་གནས་ཚུལ་ཧ་ཅང་ཚབས་ཆེན་པོ་ཡོད་པ་ཤེས་རྗེས། དམངས་སྤྱོད་མཁའ་འགྲུལ་ཆབ་མདོ་ས་ཚིགས་ཀྱིས་འཕྲལ་མར་ཆེད་མི་བཏང་ནས་རང་རྟོགས་ངང་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་བུའི་ནང་མི་དང་འབྲེལ་བའང་བྱས་པ་མ་ཟད། རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་གཉེར་ཚོང་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཟླ་12ཚེས་20ཉིན་ཆབ་མདོ་ནས་ཁྲེང་ཏུར་སྐྱོད་མཁན་གྱི་དུས་གཏན་གནམ་གྲུའི་སྤ་སེ་གཉིས་གསབ་རྒྱུའི་བཀོད་སྒྲིག་བྱས་པ་དང་དུས་མཚུངས་གཅེས་སེམས་བརྒྱུད་སྤྲོད་ཀྱི་ལས་དོན་ཡག་པོ་སྤེལ་ཆེད། དམངས་སྤྱོད་མཁའ་འགྲུལ་ཆབ་མདོ་ས་ཚིགས་ཀྱིས་སྤང་མདའ་གནམ་ཐང་གི་འགན་ལེན་ཚན་པ་ཁག་ལ་དམིགས་བསལ་འགྲུལ་པ་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་སྔོན་ཇུས་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཆེད་མི་བཏང་ནས་འགན་ཁུར་རྒྱུ་དང་། གནམ་གྲུའི་མདུན་གྱི་རྐུབ་སྟེགས་སྔ་སྣུར་དུ་བཀོད་སྒྲིག་བྱ་རྒྱུ། གནམ་ཐང་གི་གནམ་གྲུ་སྒུག་སའི་གནས་སྐབས་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབ་རྒྱུ། ལྗང་མདོག་བདེ་བཤེར་གྱི་ལམ་བཀོད་སྒྲིག་བྱ་རྒྱུ། འཕྲུལ་ཙུའུ་དང་ཁྲེང་ཏུའུ་ཧྲོང་ལིའུ་གནམ་ཐང་བར་གྱི་ནད་པ་བསུ་བའི་སྐྱོབ་བཅོས་ལས་དོན་སོགས་ཡག་པོ་སྒྲུབ་སྟེ་ནད་པ་དང་དེ་བཞིན་ནད་པའི་ནང་མི་དང་བཅས་པ་ཚེས་20ཉིན་གྱི་སྔ་དྲོ་བདེ་བླག་ངང་ཁྲེང་ཏུར་འབྱོར་ཐུབ་པ་བྱས་ཡོད། མིག་སྔར་བུ་བསྟན་འཛིན་དང་ནང་མི་བཅས་ཁྲེང་ཏུའུ་རུ་བདེ་བླག་ངང་འབྱོར་བ་དང་འབྲེལ་རིམ་གྱིས་སྨན་བཅོས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།