འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྟེང་ཆེན་རྫོང་གིས་རྒྱང་རིང་ལུང་ཁུག་ཏུ་ཡོད་པའི་གཏམ་སྟོད་ཤང་དུ་ཟབ་འཇུག་བྱས་ཏེ་
    “གཤམ་སྤེལ་ལྔ” ཡི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་18ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྟེང་ཆེན་རྫོང་གིས་རྒྱང་རིང་ལུང་ཁུག་ཏུ་ཡོད་པའི་གཏམ་སྟོད་ཤང་དུ་ཟབ་འཇུག་བྱས་ཏེ་
“གཤམ་སྤེལ་ལྔ” ཡི་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་སྟེང་ཆེན་རྫོང་གིས་རྒྱང་རིང་ལུང་ཁུག་ཏུ་ཡོད་པའི་གཏམ་སྟོད་ཤང་དུ་ཟབ་འཇུག་བྱས་ཏེ་ཚན་རྩལ་དང་འཕྲོད་བསྟེན། ཁྲིམས་ལུགས། རིག་གནས། རྒྱལ་གཅིས་ཆོས་གཅེས་བཅས་ཀྱི་དམངས་བདེ་ཞབས་ཞུའི་“གཤམ་སྤེལ་ལྔ”ཡི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་བསྡོམས་པས་དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར་200ལྷག་བཏང་བ་དང་། 《ཆབ་མདོ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་འཚོལ་རྐོ་དོ་དམ་བྱ་ཐབས་》དང་། 《ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་དྲིལ་བསྒྲགས་ཤོག་ལྷེ།》 《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》 《“དྲུག་ལྔའི་” ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལག་དེབ་》སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་2300ལྷག་འགྲེམས་སྤེལ་དང་། རིན་ཐང་སྒོར་2477རི་བའི་སྨན་རྫས་འགྲེམས་གཏོང་བྱས་ནས་ཕན་ཐོབ་མང་ཚོགས་800ལྷག་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།