འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གར་སྟེགས་སྒྱུ་རྩལ་གྱི་པར་ལེན་བརྩམས་ཆོས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་20ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    འགོ་ཚུགས་མཛད་སྒོའི་ཐོག་ཏུ་ཕེབས་པའི་དབུ་ཁྲིད་ལྷན་རྒྱས།
    འགོ་ཚུགས་མཛད་སྒོའི་ཐོག་ཏུ་ཕེབས་པའི་དབུ་ཁྲིད་ལྷན་རྒྱས།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱེད་པའི“གར་སྟབས་ཀྱི་ཉམས་འགྱུར—བོད་ལྗོངས་གར་སྟེགས་སྒྱུ་རྩལ་གྱི་པར་ལེན་བརྩམས་ཆོས་འགྲེམས་སྟོན”ཟླ་12པའི་ཚེས་18ཉིན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་རེད།
         ཐེངས་འདིའི་འགྲེམས་སྟོན་ཚེས་18ནས་22བར་སྤེལ་རྒྱུ་ཡིན་པ་དང་། འགྲེམས་སྟོན་ནང་དུ་བོད་ལྗོངས་གླུ་གར་ཚོགས་པའི་མཛེས་རིས་ཚོགས་པའི་ཚོགས་གཙོ་གཞོན་པ་རིག་གནས་ལགས་ཀྱི་ཕུལ་བྱུང་བརྩམས་ཆོས་ཤ་སྟག་ཡིན་པས་རྒྱ་ཆེའི་ལྟད་མོ་བ་དང་ལས་རིགས་གཅིག་པའི་མི་རྣམས་ཀྱིས་འགྲེམས་སྟོན་ཐོག་གར་སྟེགས་སྒྱུ་རྩལ་གྱི་པར་རིས་རོལ་མྱོང་བྱེད་ཐུབ། ༼ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས།༽
    པར་ལེན་པ་རིག་གནས་ལགས་དང་དགེ་རྒན་ཐུབ་བསྟན་ལགས་གཉིས་ཀྱི་མཉམ་པར།
    པར་ལེན་པ་རིག་གནས་ལགས་དང་དགེ་རྒན་ཐུབ་བསྟན་ལགས་གཉིས་ཀྱི་མཉམ་པར།
    གླུ་དབྱངས་སྒྱུར་རྩལ་གྱི་པར་རིས།
    གླུ་དབྱངས་སྒྱུར་རྩལ་གྱི་པར་རིས།
    བོད་ལྗོངས་དབྱངས་གཅེས་རོལ་དབྱངས་ཚོགས་པའི་པར་རིས།
    བོད་ལྗོངས་དབྱངས་གཅེས་རོལ་དབྱངས་ཚོགས་པའི་པར་རིས།
    གྲོང་མིས་བརྩམས་ཆོས་ལ་པར་རྒྱག་པའི་གནས་ཚུལ་ཡིན་པ།
    གྲོང་མིས་བརྩམས་ཆོས་ལ་པར་རྒྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།