འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ཤིན་ཅང་གི་གྲོང་ཚོ་དང་པོའི” ཁྱིམ་འཛིན་བ་ཡག་པོ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དགུན་གཞུང་གི་ཤིན་ཅང་དུ་རི་ཀླུང་ཁ་བས་བཏུམས་པ་དང་ཞིང་འབྲོག་པ་རྣམས་ལོ་ལེགས་རྗེས་ཀྱི་དལ་དུས་སུ་སླེབས་ཡོད་མོད། འོན་ཀྱང“ཤིན་ཅང་གྲོང་ཚོ་དང་པོའི”མཚན་སྙན་ལྡན་པའི་ཝེ་ལི་རྫོང་ཞིང་ཕིང་ཤང་ཏ་ཤིས་གྲོང་ཚོའི་གློག་རྡུལ་ཚོང་དོན་ལས་གཏོད་རྟེན་གཞིའི་སློབ་ཁང་ནང་ཡུ་གུར་དང་རྒྱ་སྐད་སྐད་རིགས་གཉིས་ཀྱི་གློག་རྡུལ་ཚོང་དོན་གསོ་སྦྱོང་ལ་ཞུགས་མཁན་ཞིང་པས་ཁེངས་འདུག
         “ལོ་འདིའི་ནང་ང་ཚོ་ཏ་ཤིས་གྲོང་ཚོ་ཉིད‘དྲ་སྦྲེལ+’དུས་རབས་སུ་ཧུར་ཐག་དང་རང་འགུལ་ངང་ཞུགས་ཏེ་ཤིན་ཅང་གི་རྫོང་ཁོངས་གློག་རྡུལ་ཚོང་དོན་མཐུན་ཚོགས་དང་པོ་དང་། གློག་རྡུལ་འཐབ་ཇུས་ཞིབ་འཇུག་ཁང་། རྫོང་ཁོངས་དྲ་ཚོང་ལྟེ་གནས་བཅས་བཙུགས་ཡོད། གྲོང་ཚོའི་ནང་ད་དུང་མ་དངུལ་སྒོར་ཁྲི་1000བཏང་ནས་ཏ་ཤིས་གློག་རྡུལ་ཚོང་དོན་གྱི་ལས་གཏོད་རྟེན་གཞི་བསྐྲུན་པ་དང་། གློག་རྡུལ་ཚོང་དོན་གསོ་སྦྱོང་ཐེངས་50ལྷག་བྱས་ཏེ་གྲོང་མི་3000ཙམ་གསོ་སྦྱོང་བྱས་པ་རེད། གྲོང་ཚོའི་ནང་དྲ་ཐོག་ཚོང་ཁང་60ལྷག་ཙམ་གསར་དུ་བཙུགས་ནས་གྲོང་གསེབ་ཀྱི་ངལ་ནུས་མི་200ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་པ་མ་ཟད། ཡུ་གུར་དང་རྒྱ་སྐད་སྐད་རིགས་གཉིས་ཀྱི་གློག་རྡུལ་ཚོང་དོན་གསོ་སྦྱོང་བྱེད་སྟངས་ཐོག་མར་གསར་གཏོད་བྱས་ནས་རྒྱ་སྐད་མི་གོ་བའི་ཡུ་གུར་རིགས་ཀྱི་གྲོང་མི་མང་པོ་ཉིད་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་ཚ་རླབས་ནང་ཞུགས་ཐུབ་ཡོད”ཅེས་ཧྲ་ཝུའར·མང་ལི་ཁེས་རྒྱུས་མངའ་ཆེན་པོའི་ངང་གསར་འགོད་པར་བཤད།
         ཧྲ་ཝུའར·མང་ལི་ཁེ་ཉིད་ལོ་30ལྷག་ཙམ་གྱི་གོང་དུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་ཡོད། “ང་ཚོ་ཚང་མ་གུང་ཁྲན་ཏང་ཡོན་ཡིན། ཚང་མས་ངེས་པར་དུ་མང་ཚོགས་ཆེད་ཏན་ཏན་ཏིག་ཏིག་ངང་དོན་དངོས་བསྒྲུབ་དགོས། གྲོང་ཚོའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་བ་གཏོང་མི་ཐུབ་པ་ནི་ང་ཚོའི་འགན་འཛོལ་ཡིན”ལས་འགན་འཁུར་བའི་ཉིན་དང་པོར་གྲོང་ཚོའི་ཏང་ཡོན་ཚོགས་ཆེན་ཐོག་ཧྲ་ཝུའུ་འར·མང་ལི་ཁེའི་སྐད་ཆར་གསོན་ཤུགས་ཀྱིས་ཁེངས།
         སྐབས་དེའི་ཏ་ཤིས་གྲོང་ཚོར་ནགས་ཁུལ་གཅིག་ཀྱང་མེད་ལ་ཞིང་ཁ་ཡུག་གཅིག་ཀྱང་མེད་ཁར། རང་བྱུང་གནོད་འཚེ་རྒྱུན་ཆད་རྒྱུ་མེད། ཧྲ་ཝུའར·མང་ལི་ཁེ་དང་གྲོང་ཚོའི་ཏང་ཀྲི་པུའུ་ཚན་ཁག་གིས་གྲོང་མིའི་སྣེ་འཁྲིད་ནས་ལོ་བཅུ་ཕྲག་རིང་དཀའ་སྤྱད་འབད་བརྩོན་བྱས་པས་གྲོང་ཚོ་དེ་ཡོངས་ཀྱི་ཞིང་ཁ་མུའུ་སྟོང་ཙམ་ལ་ནགས་དྲ་ཅན་དུ་གྱུར་པ་དང་། ས་རྒྱུ་ཞན་སའི་ས་ཆ་དང་གྲམ་ཐང་ཐང་རྒོད་དག་ས་ཞིང་གཤིན་པོར་བསྒྱུར་པ་རེད། དེ་རྗེས་ཧྲ་ཝུའུ་འར·མང་ལི་ཁེ་དང་ཀྲི་པུའུ་ཁོངས་མིས་སྣེ་ཁྲིད་དེ་མ་དངུལ་བསྡུས་ནས་སོ་ཕག་བཟོ་གྲྭ་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར། ཁྱིམ་ཚང་ཞིང་ར་སོགས་བཙུགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་བྱུང་བ་དང་། ཏང་ཡོན་ལས་བྱེད་པས་ཤེས་བྱ་སྦྱངས་ནས་ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་ཁ་བཏབ་པ་དང་། སྣེ་ཁྲིད་དེ་ཁྱིམ་ནས་ཐོན་ཏེ་ཁྲོམ་རར་ཞུགས་རྒྱུའི་སྣེ་འཁྲིད་ནས་སྔོན་ལ་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད།
         “ང་ཚོས་གླ་ཆ་ལེན་ཞོར་ཞིང་ཁ་འདེབས་ཀྱི་ཡོད”ཅེས་གྲོང་མི་ཀུའུ་ལི་ཅ་ན་ཐི·པའོ་འར་ཧན་གྱིས་རྒྱབ་ཤ་ལྗང་ཁུའི་འབྲི་དེབ་ཞིག་བཏོན་ནས“འདི་ནི་ང་ཚོའི་གྲོང་ཚོའི་དམངས་ཕན་སྲིད་ཇུས་18དོན་འཁྱོལ་བྱུང་བའི་ཟིན་དེབ་ཡིན་ལ་ང་ཚོའི་ཁྱིམ་གྱི་གླ་ཆའི་འབྲི་དེབ་ཀྱང་ཡིན། འདི་འཁྱེར་ནས་ཟླ་རེར་གྲོང་ཚོ་ནས‘གླ་ཆ’ལེན་ཐུབ། ང་ཚོ་ཏ་ཤིས་གྲོང་ཚོའི་ཁྱིམ་ཚང་ཚང་མར་ཟིན་ཐོ་འདི་འདྲ་རེ་ཡོད”ཅེས་བཤད།
         ཀུའུ་ལི་ཅ་ན་ཐི་ཁྱིམ་གྱི་དོན་འཁྱོལ་བྱུང་བའི་ཟིན་དེབ་ཀྱི་ཁ་ཕྱེ་བ་ན། སྒོར་200དང་། སྒོར་400 སྒོར་600སོགས་གྲངས་ཀ་རེ་རེ་བཞིན་མིག་ལམ་དུ་འཆར། སྒོར་4000གི་ཨང་ཀི་འདི་ཧ་ཅང་མངོན་གསལ་དོད་པོ་འདུག “འདི་ནི་དམིགས་བསལ་གྱི་ལག་རྟགས་ཤིག་ཡིན”ཞེས་ཀུའུ་ལི་ཅ་ན་ཐིས་དགའ་ཚོར་ཆེན་པོས་བཤད། 2012ལོའི་ཟླ་11ཚེས་1ཉིན་ནི་ཁོ་མོའི་གཉེན་སྒྲིག་གི་ཉིན་མོ་ཡིན། གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་གྲོང་མི་ཨུ་ལྷན་གྱིས་ཀྱང་སྒོར་4000བླུགས་པའི་ཤོག་ཆག་སྤྲད། དེ་ཡང་གྲོང་ཚོའི་དམངས་ཕན་སྲིད་ཇུས་ལྟར་ན། ཏ་ཤིས་གྲོང་ཚོའི་ན་གཞོན་གཉེན་སྒྲིག་བྱས་ཚེ་བྱ་དགའི་དངུལ་སྒོར་4000སྤྲོད་ཀྱི་ཡོད་པ་རེད།
         ད་ཆ“ཤིན་ཅང་གྲོང་ཚོ་དང་པོ”ཉིད་གང་སར་སྐད་གྲགས་ཆོད་པའི་ཕྱུག་པོའི་གྲོང་ཚོར་གྱུར་པ་དང་། ན་ནིང་ཏ་ཤིས་གྲོང་ཚོའི་མཉམ་སྡེབ་ཀྱི་སྤྱིའི་རྒྱུ་ནོར་སྒོར་ཁྲི་3000ཙམ་ཟིན་པ་དང་། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་360ཟིན་པ། གྲོང་ཚོ་ཡོངས་སུ་ལོའི་ཡོང་འབབ་སྒོར་ཁྲི་50ལས་བརྒལ་མཁན་དུད་ཚང་60ལྷག་ཙམ་ཟིན་པ། སྒོར་ས་ཡ་ལས་བརྒལ་བའི་དུད་ཚང་20ལྷག་ཙམ་ཟིན་པ། བརྒྱ་ཆ་ཙམ་ཟིན་པའི་བརྒྱད་ཅུའི་ཁྱིམ་ཚང་ལ་སྒེར་འཁོར་ཡོད་པ། གྲོང་ཚོ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2.5ཟིན་ནས་ཤིན་ཅང་ཁྱོན་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་པ་རེད།
         ཧྲ་ཝུའར·མང་ལི་ཁེས་གྲོང་མི་ཡོངས་ཀྱིས་བརྡས་ཐག་བཅད་པ་བརྒྱུད་འདི་ལོ་ནས་བཟུང་ཕྱིན་ཆད་ལོ་རེའི་ཟླ་9ཚེས་9ཉིན་ནི་གྲོང་ཚོའི“ལོ་ལེགས་དུས་ཆེན”ལ་གཏན་འཁེལ་བྱས་ཡོད། “དུས་ཆེན་འདི་ནི་མི་རིགས་ཁག་གི་གྲོང་མིའི་ཞིང་འབྲོག་ལས་ལ་ལོ་ལེགས་བྱུང་བའི་ཉིན་མོ་ཡིན་པ་མ་ཟད། ཚང་མའི་བསམ་པའི་ནང་སྔར་བས་འབྱོར་ཕྱུག་དང་སྔར་བས་མཐུན་སྒྲིལ་གྱི་རྟགས་མཚན་ཞིག་ཀྱང་ཡིན”ཞེས་སྤྲོ་སྣང་ལྡན་པའི་ངང་གསར་འགོད་པར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།