འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇཌ་ཀྱི་འཐབ་ཇུས་སྐད་ཆ་ཤོད་རེས་
    རེས་སྐོར་དང་པོ་དེ་པེར་ལིན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་ཀྱིས་པེར་ལིན་དུ་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐའེ་དབྱིང་མེར་དང་ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇགས་ཀྱི་འཐབ་ཇུས་སྐད་ཆ་ཤོད་རེས་ཐེངས་དང་པོ་དེ་གནང་བ་རེད།
         ཝང་དབྱིས་ཀྱིས་ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇགས་ཀྱི་འཐབ་ཇུས་སྐད་ཆ་ཤོད་རེས་བྱས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་པ་ཞིག་ཡིན་པས་ཀྲུང་འཇར་འབྲེལ་བའི་ཁྱོན་ཡོངས་དང་ཆུ་ཚད་མཐོ་པོ་མངོན་ཡོད། ཀྲུང་འཇར་འབྲེལ་བའི་ནང་དོན་དཔལ་འབྱོར་ཚོང་དོན་གྱི་ཁྱབ་ཁོངས་ལས་བརྒལ་བ་དང་ཤུགས་རྐྱེན་ཐེབས་ནུས་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་འཇར་མན་གྱི་གནས་བབ་དང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ནུས་ཆེན་པོར་མཐོང་ཆེན་བྱས་ཏེ་འཇར་མན་ཕྱོགས་དང་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཀྱི་མཉམ་ལས་བཅས་བྱས་ནས་ཀྲུང་གོ་དང་འཇར་མན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་གྱི་འགྲོ་འོང་མུ་མཐུད་བྱེད་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་འཐབ་ཇུས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། “ཀྲུང་གོའི་བཟོ་སྐྲུན་2025”དང་འཇར་མན་གྱི“བཟོ་ལས་4.0”འབྲེལ་མཐུད་དོན་འཁྱོལ་བྱེད་པ། པུའུ་རིམ་པའི་མཐུན་སྦྱོར་ལམ་སྲོལ་གང་མྱུར་འཛུགས་པ། “རྒྱུད་གཅིག་ལམ་གཅིག”གི་གཞི་སྒྲོམ་ནང་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས། འཇར་མན་ཕྱོགས་ཀྱིས་ཡོ་རོབ་དཀྱིལ་མའི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་ཡོ་རོབ་དཀྱིལ་མའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་མ་གཏོང་བ། དེ་བཞིན་ཀྲུང་གོ - ཡོ་རོབ་དཀྱིལ་མ་དང་ཤར་མའི་རྒྱལ་ཁབ་དབར་གྱི་མཉམ་ལས་བྱེད་པ་བཅས་ཀྱི་ཐད་འཇར་མན་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་དང་དེ་བས་དགེ་མཚན་ལྡན་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཧྲི་ཐའེ་དབྱེ་མེར་གྱིས་འཇར་ཀྲུང་ཕན་ཚུན་ནི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་ཁྱབ་ཁོངས་རྒྱ་ཆེར་རྒྱལ་ཁབ་གཉིས་པོས་གྲུབ་འབྲས་ཐོབ་པའི་མཉམ་ལས་བྱས་པས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་མ་ཟད་ཆབ་སྲིད་དང་། བདེ་འཇགས། རྒྱལ་སྤྱི་བཅས་ཀྱི་ནང་ལའང་འབྲེལ་གཏུག་དང་མཉམ་ལས་ཡག་པོ་ཉིན་རེ་བཞིན་བྱེད་བཞིན་ཡོད་པས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་གི་ཡོད། འཇར་ཀྲུང་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་འཚམས་པ་མ་ཟད་དེང་སྐབས་ས་ཁུལ་ཁག་གཅིག་གི་གནད་དོན་ཐག་གཅོད་བྱེད་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་ཐད་ལའང་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད་ཅེས་གསུངས་པ་རེད།
         ཕྱོགས་གཉིས་པོས་སི་རི་ཡ་དང་། དབྱི་རན་གྱི་ཉིང་རྡུལ། ཨ་ཧྥུ་ཀ་ནི་སི་ཐན་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ས་ཁུལ་དང་གླེང་ཆེའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།