འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཇམ་དཔལ་རྡོ་རྗེ་ལ་སློབ་ཆེན་པའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་གཙོ་
    འཁྲབ་པའི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་18ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འཇམ་དཔལ་རྡོ་རྗེ་ལ་སློབ་ཆེན་པའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་གཙོ་
འཁྲབ་པའི་བྱ་དགའ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་2015ལོའི་རྒྱ་སྐད་ཀྱི་སློབ་ཆེན་སློབ་མའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོ་དེ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དུ་བསྡུས་ཤིང་། བོད་རིགས་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་སྒྲིག་སྟེ་འཁྲབ་ཁྲིད་བྱས་པའི་གློག་བརྙན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ཞེས་པའི་གཙོ་འཁྲབ་པ་སྟེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ནས་ཡོང་བའི་ལོ་10ཅན་གྱི་བུ་ཆུང་འཇམ་དཔལ་རྡོ་རྗེ་ལ་ཕུལ་བྱུང་སྐྱེས་པའི་གཙོ་འཁྲབ་པའི་བྱ་དགའ་ཐོབ།
         འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བསྐོ་མིང་བྱ་དགའ་དང་། བརྙན་ཕྲན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ཞེས་པར་ཕུལ་བྱུང་ཟློས་གར་གྱི་བསྐོ་མིང་བྱ་དགའ་ཐོབ་པ་རེད། ༼ མཚོ་སྔོན་པོ་དྲ་བ་ལས་དྲངས། ༽
    ༄༅།།འཇམ་དཔལ་རྡོ་རྗེ་ལ་སློབ་ཆེན་པའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་གཙོ་
འཁྲབ་པའི་བྱ་དགའ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།