འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོ་མགོ་རྡོག་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཐོག་མས་ཟླ་མཇུག་ཏུ་གློག་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་18ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཆབ་མདོ་མགོ་རྡོག་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཐོག་མས་ཟླ་མཇུག་ཏུ་གློག་གཏོང་རྒྱུ་ཡིན་པ།
         མགོ་རྡོག་ཆུ་ཤུགས་གློག་ཁང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་རྫ་ཆུའི་འགྲམ་དུ་གནས་པ་དང་ལས་གྲྭར་མ་དངུལ་ཁྱོན་སྒོར་དུང་ཕྱུར་38.3བཏང་བ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་16.5ཟིན་པ་དེ་བོད་ཀྱི་རྫམ་གློག་ཁང་རྗེས་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་ཨང་གཉིས་པ་དེ་རེད། ཧྭ་ནེང་མགོ་རྡོག་ཆུ་ཤུགས་གློག་ཁང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏོན་ཁྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གསུམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད་གློག་ཁང་དེའི་འཕྲུལ་ཙུའུ་ཐོག་མ་ཟླ་འདིའི་ཟླ་མཇུག་ཏུ་འཁོར་སྐྱོད་བྱ་རྒྱུ་ཡིན་པ་དེས་ཆབ་མདོ་གྲོང་ཁྱེར་གྱི་ཐོན་སྐྱེད་དང་འཚོ་བའི་ཐད་གློག་དཀོན་པའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། ཚོད་རྩིས་བྱས་ན། སང་ལོའི་ཟླ་དྲུག་པར་གློག་གཏོང་འཕྲུལ་ཙུའུ་བཞི་ཡོངས་རྫོགས་འཁོར་སྐྱོད་ཐུབ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ལོར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་8.319ཟིན་ནས་ས་གནས་དེའི་གློག་གི་གནད་དོན་ཐག་གཅོད་དཔྱིས་ཕྱིན་པ་ཐུབ་རྒྱུ་རེད། འདི་ནི་ཆབ་མདོ་མགོ་རྡོག་ཆུ་ཤུགས་གློག་ཁང་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།