འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཐོག་མ་དེ་འགོ་ཚུགས་གྲབས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཀྲུང་གོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་དེ་2016ལོའི་ཟླ་1ཚེས་16ཉིན་ཧའར་པིན་གྱི་འཁྱག་རིའི་སྦྱོང་བརྡར་ལྟེ་གནས་སུ་བྱ་རྒྱུ་རེད།
         ཀྲུང་གོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཐོག་མས་གདན་ཞུའི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་རུ་ཁག་ཁག་8གདན་ཞུ་བྱས་ཏེ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དེ་དག་ནི་ཧེ་ལུང་ཅང་དང་། པེ་ཅིང་། ཧྲང་ཧའེ། ཀོང་ཀྲོའུ། ཐེན་ཅིང་། ལེའོ་ཉིང་། ཅི་ལིང་། ནང་སོག་རང་སྐྱོང་ལྗོངས་བཅས་ཡིན་པ་དང་འགྲན་སྲོལ་ནི་མི་5རེ་ཡིན་པ་དང་འགྲན་ཐེངས་རེར་རུ་ཁག་རེ་དོར་རྒྱུ་རེད། ད་རེས་ཀྱི་འགྲན་དོན་དེས་དྲ་སྦྲེལ་གྱི་སྨྱན་སྦྱོར་གསར་པ་གང་ལེགས་སྤྱོད་རྒྱུ་དེ་གཞི་རྟེན་དུ་བྱས་ནས་དྲ་བའི་བརྙན་ལམ་ཐོག་ཐད་གཏོང་བྱེད་པ་དང་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་མང་པོས་ཐུན་མོང་ཐོག་འགྲན་དོན་བཀོད་དེ་དོ་ཁུར་བྱེད་མཁན་རྒྱ་ཆེར་བཏང་ཐོག་ན་གཞོན་མི་ཚོགས་ཀྱིས་འགྲན་དོན་ལ་དོ་ཁུར་བྱ་རྒྱུར་སྟབས་བདེ་མཁོ་འདོན་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཧེ་ལུང་ཅང་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ལོ་ལྟར་ཀྲུང་གོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གཉེར་བ་མ་ཟད་ལོ་རེ་བཞིན་འགྲན་བསྡུར་གྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་དེ་རྒྱལ་སྤྱིའི་རང་བཞིན་གྱི་དགུན་དུས་ལུས་རྩལ་རྣམ་གྲངས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
         ཀྲུང་གོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ནི་གངས་འཁྱག་རྣམ་གྲངས་ཁྲོད་ཀྱི་དམིགས་བསལ་གྱི་རིག་གནས་འགྲན་དོན་ཞིག་ཡིན་པས་རྐང་རྩེད་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་མི་འདྲ་བ་ཞིག་མངོན་ཐུབ་ཀྱི་ཡོད། བྱང་ཤར་ཞིང་ཆེན་གསུམ་གྱིས་ལོ་ལྟར་གངས་འབབ་པའི་དུས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་རྐང་རྩེད་སྤོ་ལོར་དབྱིངས་ཞུགས་མཁན་ཚོར་དགུན་དུས་ཀྱི་ཁྱད་ལྡན་འགྲན་དོན་བཏོད་པར་གངས་འཁྱག་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོའི་དོ་ཁུར་ཆེན་པོ་ཐོབ་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་དགུན་དུས་ལུས་སྦྱོང་ལུས་རྩལ་དར་སྤེལ་ཧུར་ཐག་བཏང་ནས་གངས་འཁྱག་དང་རྒྱལ་ཁབ་ཀྱིས་ཁྱབ་གདལ་ཧུར་ཐག་བཏང་བའི་རྐང་རྩེད་སྤོ་ལོའི་བྱ་གཞག་ཕན་ཚུན་ཟུང་འབྲེལ་གྱིས་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྲིད་ཇུས་ལ་འགྱུར་བ་བྱས་ཏེ་གངས་ཁྲོད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་སྤེལ་བ་ནས་བཟུང་གངས་འཁྱག་དང་དེ་བཞིན་རྐང་རྩེད་སྤོ་ལོའི་ཐོན་ལས་ལ་རིམ་པ་བཞིན་སྐུལ་འདེད་གཏོང་གི་ཡོད། འགྲན་བསྡུར་བྱེད་རིང་རྐང་རྩེད་སྤོ་ལོར་དབྱིངས་ཞུགས་མཁན་ཚོར་ཕུན་སུམ་ཚོགས་པའི་ཕན་སྒུལ་གྱི་བྱེད་སྒོ་མཁོ་འདོན་བྱས་ཏེ་མི་དེ་བས་མང་བས་གངས་འཁྱག་རིག་གནས་དང་གངས་ཁྲོད་རྐང་རྩེད་སྤོ་ལོ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།