འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཁུལ་གྱི་སྐབས་དང་པོའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོ་
    དུང་དཀར་ལུང་པར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཡིག་གཟུགས་འགྲེམས་སྟོན།
    ཡིག་གཟུགས་འགྲེམས་སྟོན།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ནས་ཚེས་15ཉིན་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་དཔེ་སྐྲུན་ཅུས། ཁུལ་བོད་ཡིག་ཡིག་གཟུགས་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་དཀར་མཛེས་ཁུལ་གྱི་སྐབས་དང་པོའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དེ་དུང་དཀར་ལུང་པར་སྤེལ་བ་རེད།
         ཐེངས་འདིའི་འགྲན་བསྡུར་ཐོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་མི་རིགས་སློབ་འབྲིང་། ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན། རྒྱལ་བསྟན་ཕན་བདེ་སྨན་ཁང་སོགས་ཀྱི་སློབ་མ་དང་གྲྭ་བཙུན་གཙོས་པའི་བྲིས་ལ་དགའ་ཞེན་ཅན་ཚོའི་དབུ་ཅན་དང་དབུ་མེད་ཀྱི་བྲིས་སྣ་མི་འདྲ་བའི་བརྩམས་ཆོས་300ལྷག་འདུས་ཡོད། དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་བྲིས་མཁན་དཔྱད་འདེམས་པ་ཚོས་ཞིབ་བརྟག་དང་དཔྱད་བརྗོད་བྱས་མཐར་བྲིས་ཀྱི་ཨང་དང་པོའི་བྱ་དགའ་2དང་། གཉིས་པ་6། གསུམ་པ་8བཅས་དང་། དེ་བཞིན་སྐུལ་སློང་བྱ་དགའ་བཅས་ཁྱོན་བསྡོམས་བྲིས་གཟུགས་150ལྷག་ལ་དཔྱད་བདམས་བྱས་པ་རེད།
         འགྲན་བསྡུར་ཐོག་ཁུལ་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་བྲིས་མཁན་རྣམས་ཀྱིས་ཡུལ་དངོས་སུ་བྲིས་གཟུགས་ཀྱི་འགྱུར་རྩལ་མངོན་པ་དང་། བྲིས་ཀྱི་བརྩམས་ཆོས་དག་ཀྱང་འགྲེམ་སྟོན་བྱས་པ་རེད། དུང་དཀར་ལུང་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ཡུལ་མི་རྣམས་ཀྱང་འགྲེམ་སྟོན་ཁང་དུ་ཕྱིན་ཏེ་བོད་ཡིག་ཡིག་གཟུགས་འབྲི་རྩལ་ལ་རྒྱུས་ལོན་དང་ལྟ་སྐོར་བྱས་པ་རེད།
    ཡུལ་དངོས་སུ་བྲིས་གཟུགས་ཀྱི་འགྱུར་རྩལ་མངོན་པ།
    ཡུལ་དངོས་སུ་བྲིས་གཟུགས་ཀྱི་འགྱུར་རྩལ་མངོན་པ།
    སློབ་མ་ཚོས་ཡིག་གཟུགས་འགྲེམས་སྟོན་ལ་ལྟ་བ།
    སློབ་མ་ཚོས་ཡིག་གཟུགས་འགྲེམས་སྟོན་ལ་ལྟ་བ།
      

    ཕྱོགས་བསྡུས་གསར་འགྱུར།