འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་དང་ས་གནས་ཀྱི་སྲིད་གྲོས་དང་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ལས་དོན་སྤེལ་
    རེས་ཚོགས་འདུ་ཤ་མོན་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན་རྒྱལ་ཡོངས་དང་ས་གནས་ཀྱི་སྲིད་གྲོས་དང་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ལས་དོན་སྤེལ་རེས་ཚོགས་འདུ་ཧྥུའུ་ཅན་ཤ་མོན་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཝུའེ་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད།
         ཝང་ཀྲེན་ཝུའེ་ཡིས་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་དུས་བབ་གསར་པའི་འོག་སྲིད་གྲོས་དང་མི་རིགས་ཆོས་ལུགས་ཨུ་ལྷན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་ལྔ་བཏོན་པ་སྟེ། གཅིག་ནི་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་གྱི་གདེང་ཚོད་བརྟན་དུ་བཏང་ནས། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་སྟངས་འཛིན་དང་ཆབ་སྲིད་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ། གསུམ་ནི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པ། བཞི་ནི་གྲོང་ཁྱེར་གྱི་མི་རིགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས“ངན་ཤུགས་གསུམ”དང་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་དགོས་པ། ལྔ་ནི་རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་བཅས་ཡིན། 
      

    ཕྱོགས་བསྡུས་གསར་འགྱུར།