འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སླད་ཕྱིན་ལོ་ལྔའི་ནང་ཀུའེ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་ཆུ་ཚོད་གཉིས་ནས་བདུན་བར་
    སླེབས་པའི་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སླད་ཕྱིན་ལོ་ལྔའི་ནང་ཀུའེ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་ཆུ་ཚོད་གཉིས་ནས་བདུན་བར་སླེབས་པའི་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་རྒྱུ་ཡིན་པ་རེད།
         ཀུའེ་ཀྲོའུ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་ཧྲང་ཧའེ་ནས་ཁུན་མིན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀུའེ་ཀྲོའུ་ནས་ཁུན་མིན་བར་དང་། ཁྲུང་ཆིང་ནས་ཀུའེ་དབྱང་བར། ཁྲེན་ཏུའུ་ནས་ཀུའེ་དབྱང་བར་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་དེ་དག་2020ལོའི་གོང་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། སྐབས་དེར་ཀུའེ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་ཆུ་ཚོད་གཉིས་ནས་བདུན་བར་སླེབས་པའི་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་རྒྱུ་དང་། ཞིང་ཆེན་ནང་དུ་ཀུའེ་དབྱང་ནས་གྲོང་ཁྱེར་དང་ཀྲོའུ་གཞན་གྱི་ལྟེ་བའི་གྲོང་ཁྱེར་བར་ཆུ་ཚོད་གཅིག་ནས་གཉིས་བར་སླེབས་པའི་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་རྒྱུ་ཡིན་པ་རེད།
         ཉེ་བའི་ལོ་ཤས་རིང་། ཀུའེ་ཀྲོའུ་ཞིང་ཆེན་གྱིས་འགྲིམ་འགྲུལ་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལམ་བུ་ཆེན་པོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས་ཀུའེ་ཀྲོའུ་ཡི་འགྲིམ་འགྲུལ་གནས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། ལྕགས་ལམ་ཐད་ཀུའེ་ཀྲོའུ་ཡིས་ཞིང་ཆེན་ནས་འདོན་པའི་ལམ་བུ་ཁག་26འཆར་འགོད་བྱས་པ་དང་2015ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་ལམ་ཐག་སྤྱི་ལེ་3000ལས་བརྒལ་བ་དེའི་ནང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ་700ལས་བརྒལ་བ་དང་ཞིང་ཆེན་ནས་འདོན་པའི་ལམ་བུ་ཁག་12ཡོད་པ་རེད། མཐའ་འཁོར་ཞིང་ཆེན་དང་ལྕགས་ལམ་སྤྱིར་བཏང་སྦྲེལ་མཐུད་བྱུང་བའི་རྨང་གཞིའི་ཐོག་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པའི་ཀུའེ་ཀོང་མྱུར་བགྲོད་ལྕགས་ལམ་དང་ཧྲང་ཁུན་མྱུར་བགྲོད་ལྕགས་ལམ་བརྒྱུད་ཀུའེ་ཀྲོའུ་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུ་ཟུར་གསུམ་གླིང་། ཧྭ་དབུས་སོགས་ས་ཁུལ་དང་མྱུར་བགྲོད་ལྕགས་ལམ་ཕན་ཚུན་འབྲེལ་མཐུད་བྱུང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲུང་ཀུའེ་དང་ཁྲེན་ཀུའེ་སོགས་མྱུར་བགྲོད་ལྕགས་ལམ་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མ་ཟད། ཧྲང་ཁུན་མྱུར་བགྲོད་ལྕགས་ལམ་གྱི་ཀུའེ་ཀྲོའུ་ནུབ་རྒྱུད་དུམ་བུ་དང་། ཁྲུང་ཀུའེ་མྱུར་བགྲོད་ལྕགས་ལམ། ཁྲེང་ཀུའེ་མྱུར་བགྲོད་ལྕགས་ལམ་ཀྱི་ཀུའེ་ཀྲོའུ་དུམ་བུ་སོགས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།