འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡི་སྐབས་དང་པོའི་སྔར་ཡོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་རིམ་དབྱེ་
    ཚད་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀུའེ་ཀྲོའུ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཀུའེ་ཀྲོའུ་ཞིང་ཆེན་གྱི་སྐབས་དང་པོའི་སྔར་ཡོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་རིམ་དབྱེ་ཚད་ལེན་ལས་དོན་ཀུའེ་ཀྲོའུ་མི་རིགས་སློབ་ཆེན་དུ་སྤེལ་བ་དང་། ཚད་ལེན་ནང་ཞུགས་མཁན་མི་20ལ་ཀུའེ་ཀྲོའུ་ཞིང་ཆེན་གྱི་སྐབས་དང་པོའི་སྔར་ཡོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་རིམ་དབྱེ་ཚད་ལེན་ནང་གྲུབ་འབྲས་ཡག་པོ་ཐོབ་ནས་མེའོ་སྐད་དང་། པུའུ་དབྱིའི་སྐད། དབྱི་སྐད། ཧྲུའེ་སྐད་སོགས་ཀྱི་རིམ་ལྡན་ལག་ཁྱེར་རག་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚད་ལེན་ཚོད་ལྟའི་ནང་ཞུགས་མཁན་20ཡོད་པ་དང་། དེའི་ནང་མེའོ་སྐད་(དབུས་རྒྱུད་ཀྱི་ཡུལ་སྐད)ཤོད་མཁན་6དང་། པུའུ་དབྱིའི་སྐད་ཤོད་མཁན་2 དབྱི་སྐད་ཤོད་མཁན་4 ཧྲུའེ་སྐད་ཤོད་མཁན་8ཡོད་པ་རེད། ད་ཐེངས་ཀྱི་མི་རིགས་སྐད་ཡིག་གི་རིམ་དབྱེ་ཚད་ལེན་ནི་《ཀུའེ་ཀྲོའུ་ཞིང་ཆེན་གྱིས་སྔར་ཡོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལེན་དོ་དམ་གཏན་འབེབས་(ཚོད་ལྟའི་ལག་བསྟར)》དངོས་སུ་འགྲེམས་སྤེལ་བྱས་རྗེས་ཀྱི་ཚད་ལེན་བྱེད་ཐེངས་ཐོག་མ་དེ་ཡིན་པ་དང་། གཙོ་བོ་འདི་ལོའི་མི་རིགས་སྐད་ཡིག་ཡིག་སྒྱུར་གོ་མིང་རེ་ཞུ་བྱེད་མཁན་ལ་ཕྱོགས་པ་དང་ཚད་ལེན་ནང་ཞུགས་མཁན་རྣམས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གདན་དྲངས་པའི་སྐབས་དང་པོའི་སྔར་ཡོད་གྲངས་ཉུང་མི་རིགས་སྐད་ཡིག་གི་ཞིང་ཆེན་རིམ་པའི་ཚད་ལེན་མི་སྣའི་ཁྲོད་ནས་ཐོན་པ་རེད། སྐད་ཡིག་ཚད་ལེན་ནན་པོ་བྱས་པ་བརྒྱུད་ཚད་ལེན་ནང་ཞུགས་མཁན་20ཚང་མ་ཚད་ལོན་པ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་སྤྲད་པའི་རིམ་ལྡན་ལག་ཁྱེར་ཡང་སོ་སོར་རག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།