འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་དངུལ་ཁང་གིས་ཕྱོགས་གཉིས་པོའི་དངུལ་ལོར་
    ཕན་ཚུན་བརྗེ་བའི་གྲོས་མཐུན་མུ་མཐུད་བཞག་ཅིང་བརྗེ་ཁྱོན་མང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པར། དབྱིན་ཀེ་ལན་དངུལ་ཁང་དང་ཚེས་20ཉིན་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་བའི་གྲོས་མཐུན་མུ་མཐུད་བཞག་ཅིང་། དངུལ་ལོར་གྱི་བརྗེ་ཁྱོན་དེ་སྔའི་མི་དམངས་ཤོག་སྒོར་དུང་ཕྱུར་2000དང་དབྱིན་སྒོར་དུང་ཕྱུར་200ནས་མི་དམངས་ཤོག་སྒོར་དུང་ཕྱུར་3500དང་དབྱིན་སྒོར་དུང་ཕྱུར་350བར་མང་དུ་བཏང་ཡོད་པ་རེད།
         གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། གྲོས་མཐུན་དེ་གོ་ཆོད་པའི་དུས་ཚོད་ལོ་གསུམ་ཡིན་པ་རེད།
         ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་དབྱིན་ཀེ་ལན་དངུལ་ཁང་དང་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་བའི་གྲོས་མཐུན་མུ་མཐུད་བཞག་ཅིང་དངུལ་ལོར་བརྗེ་ཁྱོན་མང་དུ་བཏང་བ་དེས་ལོན་ཏོན་གྱི་མི་དམངས་ཤོག་སྒོར་གྱི་ཁྲོམ་ར་སྔར་བས་གོང་འཕེལ་ཡོང་བར་འཁོར་རྒྱུག་ཡོང་གཞི་བྱུང་ནས། ས་གནས་ཀྱི་མི་དམངས་ཤོག་སྒོར་གྱི་མ་དངུལ་ཉོ་ཚོང་དང་མ་དངུལ་དོ་དམ་སོགས་ཁྱབ་ཁོངས་ཀྱི་ལས་སྒོ་འཕེལ་རྒྱས་ལ་སྐུལ་མ་ཐེབས་ལ་ཉོ་ཚོང་དང་མ་དངུལ་གཏོང་བདེ་ཡོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
         མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ལོན་ཏོན་གྱི་དངུལ་རྩའི་ཁྲོམ་རས་མི་དམངས་ཤོག་སྒོར་གྱི་ཁྲོམ་རའི་ཁྲོད་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་20ཉིན་ད་དུང་ལོན་ཏོན་དུ་ཐོ་འགོད་དང་ཡིག་ཚགས་བཟོས་ནས་མི་དམངས་ཤོག་སྒོར་དུང་ཕྱུར་50ཡི་ཀྲུང་དབྱང་དངུལ་ཁང་གི་དངུལ་འཛིན་གྲུབ་འབྲས་ཐོབ་པའི་ངང་བཀྲམས་པ་དང་། དུས་བཀག་ལོ་གཅིག་ཡིན་པ་མ་ཟད། དངུལ་འཛིན་གྱི་སྒོར་གྲངས་སྐྱེད་ཀ་3.1%ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།