འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དམག་གཟིགས་
    མཛད་སྒོའི་གནས་ཚུལ་བོད་སྐད་ནས་འཕྲལ་དུ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། དེ་ཉིན་བོད་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དམག་གཟིགས་མཛད་སྒོའི་གནས་ཚུལ་བོད་སྐད་ནས་འཕྲལ་དུ་བསྟན་པས་ས་གནས་ཁག་གི་མང་ཚོགས་ཚོས་རླབས་ཆེ་ལ་བླ་ན་མེད་པའི་ལོ་རྒྱུས་ཀྱི་དུས་སྐབས་དེར་ཐུན་མོང་ཐོག་དཔང་པོ་བྱས་པ་རེད།
         “སྐད་ཡིག་གི་གོ་བརྡ་ཡག་པོ་འཕྲོད་ཆེད་དང་། བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་བརྙན་འཕྲིན་ལྟ་བའི་གོམས་གཤིས་དང་ཞིང་འབྲོག་པ་བོད་སྐད་ལེ་ཚན་ལྟ་རྒྱུར་དགའ་བར་དམིགས་ནས། ང་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་འབྲེལ། ལས་སྒོ་བྱང་ཆུབ་པའི་ཡིག་སྒྱུར་ཚོགས་པ་དང་བཟོ་སྒྲིག་ཚོགས་པ་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་བོད་སྐད་ནས་དམག་གཟིགས་མཛད་སྒོའི་གནས་ཚུལ་བསྟན་ཏེ། བོད་སྐད་བལྟ་རྒྱུར་དགའ་བའི་ལྟད་མོ་བས་པེ་ཅིང་དུ་འཚོགས་པའི་རྒྱལ་ཁའི་རྟེན་འབྲེལ་མཛད་སྒོ་མཐོང་ཐུབ་པ་བྱས་པ་མ་ཟད། ད་ཐེངས་ཀྱི་དམག་གཟིགས་མཛད་སྒོའི་གནས་ཚུལ་གྱི་དོན་སྙིང་ཡང་ཤེས་ཐུབ་པ་བྱས་ཡོད། ང་ཚོས་ད་དུང་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱི་བསླབ་པ་རྒན་གྲས་ཀྱི་ལོ་ཙཱ་བ་གདན་ཞུ་བྱས་ནས་ལས་ཡུལ་དངོས་སུ་མཛུབ་ཁྲིད་བྱས་ཏེ་ཡིག་སྒྱུར་གྱི་སྤུས་ཚད་འགན་ལེན་བྱས་ཡོད”ཅེས་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་བོད་སྐད་པར་སྒྱུར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཕུར་བུས་དེ་ལྟར་བརྗོད་བྱུང་།
         “དམག་གཟིགས་མཛད་སྒོའི་གནས་ཚུལ་དུས་ཐོག་ཏུ་ཁྱིམ་ཚང་ཁྲི་སྟང་མང་པོར་བརྒྱུད་བསྒྲགས་བྱས་པ་དེས། བོད་རིགས་སྤུན་ཟླའི་མི་རིགས་ཧྲིལ་པོའི་རི་འགོག་དམག་འཁྲུག་ལོ་རྒྱུས་ཀྱི་མོས་སེམས་ཆེ་རུ་གཏོང་ཐུབ”ཅེས་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་བོད་སྐད་པར་སྒྱུར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད།
         གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ལུང་རོང་ཤང་བྲག་ནག་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ལ་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་བྱུང་། ཁོང་གིས་མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་གསུང་སྐབས། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཡིད་ཆེས་ཆེ་རུ་ཕྱིན་སོང”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།