འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོའི“བློ་རྩལ་གཉིས་འཛོམས་པའི”རྗེས་ཤུལ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གངས་ལྗོངས་ས་མཐོའི“བློ་རྩལ་གཉིས་འཛོམས་པའི”རྗེས་ཤུལ།
         “བློ་གྲོས་མཁན་པོ”ཁུང་ཙི་དང“དྲག་རྩལ་མཁན་པོ”ཀོན་ཏི་གཉིས་ནི་ནང་སའི་མི་ཚང་མས་ཤེས་པ་ཇི་བཞིན་གངས་ལྗོངས་ས་མཐོར་ཡང“མཁན་པོ”འདི་གཉིས་དང་འདྲ་བ་མཐོང་རྒྱུ་ཡོད། སྲོང་བཙན་སྒམ་པོའི་དུས་སྐབས་ནས་བཟུང་རུའུ་ལུགས་རིག་པ་དེ་བོད་དུ་དར་ཡོད། ལོ་རྒྱུས་དེབ་ཐེར་དུ་གསལ་བ་ལྟར་ན། རྒྱ་བཟའ་ཀོང་ཇོ་བོད་དུ་ཡོང་སྐབས་ཐང་རྒྱལ་རབས་ཀྱི་ཆབ་སྲིད་དང་གུས་སྲོལ་ལམ་ལུགས་དང་རིག་གནས་ཀྱི་བསྟན་བཅོས་མང་པོ་འཁྱེར་ཡོང་བ་དང་། བོད་བཙན་པོའི་དབང་སྒྱུར་པས་ཀྲུང་ཡོན་དུ་མི་མངགས་ནས་རུའུ་ལུགས་རིག་པ་སྦྱོང་དུ་བཅུག་ཡོད་པ་རེད།
         དེ་དང་བསྡུར་ན་ཀོན་ཏི་བོད་དུ“ཕེབས་པའི”ལོ་རྒྱུས་ནི་ཧ་ཅང་ཕྱི། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་སྐབས་སུ་གོར་ཁས་བོད་ལ་བཙན་འཛུལ་བྱས་པས་སྤྱི་ལོ་1792ལོར་དམག་དཔོན་ཧྥུའུ་ཁང་ཨན་གྱིས་བོད་རིགས་སྤུན་ཟླ་དང་མཉམ་དུ་གོར་ཁར་འགོག་རྒོལ་བྱས་རྗེས་ཕྱིས་སུ་ཀོན་ཏི་ལྷ་ཁང་བཞེངས་ནས་དྲན་གསོ་ཞུས་པ་རེད། དུས་དེ་ནས་བཟུང་ཀོན་ཏི་བོད་དུ“ཕེབས”ནས་བོད་ཀྱི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་གེ་སར་རྒྱལ་པོ་དང་རྣམ་པ་གཅིག་ཏུ་གྱུར། འདི་ནི་བོད་ལྗོངས་ལྷ་སའི“ཀོན་ཏི་གེ་སར་ལྷ་ཁང”ནང་གི་ཀོན་ཏིའི་འབག་སྐུ་(གཡས)ཡིན་པ།
    ༄༅།།གངས་ལྗོངས་ས་མཐོའི“བློ་རྩལ་གཉིས་འཛོམས་པའི”རྗེས་ཤུལ།
      

    ཕྱོགས་བསྡུས་གསར་འགྱུར།