འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་གཞིས་སྲུང་བྱིས་པ་བརྒྱ་ཕྲག་གི“དྲུག་གཅིག་གི་བསམ་
    འདུན་ཆུང་ངུ”འགྲུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་རིམ་དང་པོའི་བཀྲ་ཤིས་ལ་རྩེད་ཆས་ཤིག་ཡོད་ན་སྙམ། ལོ་རིམ་དྲུག་པའི་ཀུན་བཟང་སྒྲོལ་མས་གྱོན་གོས་གསར་པ་ཆ་ཚང་ཞིག་ལ་རེ་བ་བྱེད་ཀྱི་ཡོད། ད་ལོའི“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ཆ་ཚང་སློབ་ཆུང་གི་གཞིས་སྲུང་བྱིས་པ་101གི“དྲུག་གཅིག་གི་བསམ་འདུན་ཆུང་ངུ”དེ་འཕྲིན་ཆུང་སྟེགས་བུ་བརྒྱུད་ནས་བཀྲམ་རྗེས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བྱམས་བརྩེའི་ཕྱག་ཟུང་གཅིག་རྗེས་གཉིས་མཐུད་ངང་བརྐྱངས་ཏེ་ཁོང་ཚོའི་བསམ་འདུན་འགྲུབ་པར་བྱས།
         མཚོ་སྔོན་ཡུལ་ཤུལ་འབྲི་སྟོད་རྫོང་ཆ་ཚང་སློབ་ཆུང་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་ལ་སློབ་ཞུགས་སློབ་མ་མང་ཆེ་བ་བོད་རིགས་སློབ་མ་ཡིན་པ་རེད།
         ཞལ་འདེབས་བསྡུ་བའི་དོན་དངོས་ལ་ཁག་ཐེག་བྱ་ཆེད། ད་རེས་ཀྱི་བྱེད་སྒོ་ནི་འབྲི་སྟོད་རྫོང་གི་ཡུལ་དེའི་སློབ་གསོ་སྡེ་ཚན་གྱི་ལྟ་སྐུལ་འོག་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་རིགས་ས་ཁུལ་གྱི་གཞིས་སྲུང་བྱིས་པ་101གི“བསམ་འདུན་ཆུང་ངུ”ཡོངས་སུ་འགྲུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།