འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ནུས་ལྡན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ནུས་ལྡན་བྱ་ཐབས་ཧུར་ཐག་སྤྱད་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ས་ཁུལ་དེ་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར་2.6བརྩོན་ལེན་བྱས་ཡོད་པ་རེད།
         མིག་སྔར་ཡིག་ཐོག་སྙན་ཞུ་ཕུལ་ནས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། མངའ་རིས་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་4དང་། ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་29ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མངའ་རིས་ས་ཁུལ་གྱི་བོད་རང་སྐྱོང་ལྗོངས་ཀྱི་འཆར་གཞིར་བཅུག་པའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར་2.6ཟིན་པ་དང་ལག་བསྟར་བྱས་དང་བྱེད་ཉེར་ཡོད་པའི་སྒོར་དུང་ཕྱུར་2.2ཟིན་གྱི་ཡོད། གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་དང་འཁོར་ཆགས་དགོན་པའི་རྗེས་ཤུལ་སོགས་རིག་དངོས་སྲུང་སྐྱོབ་ཚན་པ་འབོར་ཆེན་ཞིག་ལ་ནུས་ལྡན་གྱི་ཉམས་གསོ་དང་སྲུང་སྐྱོབ་ཐུབ་པ་རེད། ས་ཁུལ་དེ་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་3དང་། ལྗོངས་རིམ་པའི་རྣམ་གྲངས་17 རྫོང་རིམ་པའི་རྣམ་གྲངས་48བཅས་ཟིན་པ་དང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་པ་4གསོ་སྐྱོང་བྱས་པ་དང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་2སྙན་ཞུ་ཕུལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།