འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་གེགས་སེལ་དངུལ་དང་དངོས་པོ་སྤྲོད་ཚུལ་ཐད་
    དྲ་གྲོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་བྱེད་ཆོག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་གུན་སྐྱོབ་རོགས་སྐྱོབ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་26ཉིན་བར་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པར་ཞལ་འདེབས་སྒོར་7993694དང་སྒོར་9129627རི་བའི་དངོས་རྫས་སློང་བསྡུ་ཐུབ་ཡོད། དེའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་འབྱོར་གྱི་ཡོད་མོད། འོན་ཀྱང་དུས་མཚམས་གོང་མ་ལྟར་མང་པོ་མེད། བོད་དུ་ས་ཡོམ་བརྒྱབ་ནས་ཟླ་གཅིག་ཧྲིལ་པོ་སོང་རྗེས་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་གེགས་སེལ་དངུལ་དང་དངོས་རྫས་དག་གེགས་ཁུལ་གྱི་མང་ཚོགས་ལ་དངོས་སུ་རག་ཡོད་དམ།
         བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་གུན་སྐྱོབ་རོགས་སྐྱོབ་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་གཞིར་བཟུང་། གེགས་སེལ་དངོས་རྫས་དག་གེགས་ཁུལ་གྱི་དགོས་མཁོར་གཞིགས་ཏེ་གཏོང་འདྲེན་བྱེད་པ་དང་སློང་བསྡུ་ཐུབ་པའི་ཞལ་འདེབས་དངུལ་ཕལ་ཆེ་བ་བསྐྱར་སྐྲུན་ཐད་སྤྱོད་རྒྱུ་ཡིན་ཞིང་། གེགས་སེལ་དངུལ་དང་དངོས་རྫས་སྤྱོད་ཚུལ་ཐད་བརྙན་འཕྲིན་ལས་ཁུངས་དང་ཚགས་པར་སོགས་སྨྱན་སྦྱོར་བརྒྱུད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་དྲ་གྲོགས་ཚོས་ཀྱང་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་ཁ་པར་བརྒྱུད་གེགས་སེལ་དངུལ་དང་དངོས་རྫས་སྤྲོད་ཚུལ་དང་སྤྱོད་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།
         ད་ཐེངས་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པར་འབྱོར་བའི་ཞལ་འདེབས་དངུལ་དང་དངོས་རྫས་དག་མི་སྒེར་དང་། ཚན་པ། གཅེས་སེམས་ཁེ་ལས་བཅས་ནས་བྱུང་བ་ཕུད། ད་དུང་རྒྱ་གྲམ་དམར་རྟགས་ཚོགས་པའི་ཁོངས་གཏོགས་ཀྱི་ཞལ་འདེབས་ཀྱང་ཡོད། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱིས་ད་ཐེངས་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པར་སྒོར་ཁྲི་630ཡི་གེགས་སེལ་དངུལ་དང་དངོས་རྫས་སྤྲད་པ་དང་དུས་མཚུངས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱི་མདུན་ཕྱོགས་རོགས་སྐྱོབ་མི་སྣས་གཞིས་རྩེར་ཁྱིམ་ཚང་གི་གུན་སྐྱོབ་སྒམ་(སྒོར་ཁྲི་10རི་བ)300ཉོ་སྒྲུབ་བྱས་པ་དེ་དག་ཚང་མ་ཛ་དྲག་ངང་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་ཚང་ལ་སྤྲད་པ་རེད།
         ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་པུའི་འགན་འཁུར་བས་དུས་མཇུག་ཏུ་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་གྲབས་གསོག་བྱས་ཚུལ་དངོས་ལ་གཞིགས་ཏེ་ཐབས་ལམ་དང་སྟེགས་བུ་ཚང་མ་ནས་གྲབས་གསོག་བྱས་པའི་གནས་གཏན་འཁེལ་གྱི་ཞལ་འདེབས་དངུལ་དང་དངོས་རྫས་ཚང་མ་ཞལ་འདེབས་རྒྱག་མཁན་གྱི་འདོད་མོས་ལྟར་ནེ་པ་ལ་དང་བོད་ལྗོངས་ཀྱི་ས་ཡོམ་གེགས་སེལ་རོགས་སྐྱོབ་ལས་དོན་ཁྲོད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།