འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་དར་གོས་ལམ་བུའི་དྲ་རྒྱའི་སྟེགས་བུའི་རྒྱལ་སྤྱིའི་ཚོགས་ཆེན་སྐོང་ཚོགས་བྱས་པ།

    དར་གོས་ལམ་རྒྱུད་ཀྱི་ཁོངས་ཞུགས་རྒྱལ་ཁབ་16གིས་<<ཤིས་ཨན་གྱི་བསྒྲགས་གཏམ་>>ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་དང་པོའི་དར་གོས་ལམ་བུའི་དྲ་རྒྱའི་སྟེགས་བུའི་རྒྱལ་སྤྱིའི་ཚོགས་ཆེན་དེ་སུའེ་ཐང་རྒྱལ་རབས་ཀྱི་དར་གོས་ལམ་བུ་འགོ་ཚུགས་ས་——ཤིས་ཨན་ཏ་ཐང་ཤི་ཧྲི་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་རེད།
         ཚོགས་ཆེན་དེར་རྒྱལ་ནང་དང་དེ་བཞིན་ཐུར་ཁེ་དང་། འཇར་མན། ཨེ་ཅིབ། རྒྱ་གར་སོགས་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་རྒྱལ་ཁབ་16གི་རིག་གནས་གནའ་ཤུལ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ལྷག་ཙམ་ཞུགས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“གྲོས་མོལ་ལ་སྐུལ་འདེད་དང་། སྣ་མང་ཅན་དང་འཕེལ་རྒྱས་འགྲོ་བཞིན་པའི་དར་གོས་ལམ་བུའི་དྲ་རྒྱའི་སྟེགས་བུའི”ཐད་གྲོས་ཞིབ་བྱས་པ་དང་དུས་མཚུངས་རིག་གནས་དང་རང་བྱུང་ཤུལ་བཞག་དང་། མངོན་མིན་རིག་གནས་ཤུལ་བཞག འཛམ་གླིང་ལོ་རྒྱུས་ཉར་ཚགས། བློ་གསར་ཐོན་ལས་སོགས་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་དང་གཞི་གྲངས་ཕྱོགས་བསྒྲིགས་དང་ཁྱབ་བསྒྲགས་ལ་གཞོལ་བའི་དམིགས་ཡུལ་ནི་དར་གོས་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་བྱང་ཆུབ་པ་དང་ས་ཁོངས་ནང་རིག་གནས་ལ་བརྒལ་བའི་སྐད་ཆ་ཤོད་རེས་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པའི“དར་གོས་ལམ་བུའི་རྒྱལ་སྤྱིའི་འབྲེལ་བའི་དྲ་རྒྱ”འཛུགས་ཆེད་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུའི་ཐོག་དར་གོས་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་ཚོགས་ཞུགས་འཐུས་མིས། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དར་གོས་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་རིག་གནས་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་ལ་ཇི་ལྟར་བྱས་ནས་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུར་གྲོས་བསྡུས་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་མཛའ་གྲོགས་རྒྱལ་སྤྱིའི་ལོ་བཅུའི(2013—2022)གཞི་སྒྲོམ་འོག་དར་གོས་ལམ་རྒྱུད་དྲ་རྒྱའི་སྟེགས་བུའི་རྒྱལ་སྤྱིའི་འབྲེལ་བའི་དྲ་རྒྱའི་བྱ་སྤྱོད་རྩ་འཛིན་བཟོས་པ་དང་འབྲེལ་རྒྱལ་ཁབ་ཁག་གི་འཐུས་མིའི་གྲོས་འགོ་དང་བློ་གྲོས་གཅིག་ཏུ་སྒྲིལ་བའི་<<ཤིས་ཨན་གྱི་བསྒྲགས་གཏམ་>>གྲུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།