འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་2020ལོའི་གོང་དུ་སྐད་གཉིས་ཤེས་པའི་ཁྲིམས་དཔོན་1500གསོ་
    སྦྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་ཤིན་ཅང་གི་ཝུའུ་ལུའུ་མུ་ཆི་གྲོང་ཁྱེར་དུ་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་གསོ་སྦྱོང་ལས་དོན་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་<<མི་རིགས་ས་ཁུལ་གྱི་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་དང་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་ལེགས་སུ་གཏོང་དགོས་པའི་བསམ་འཆར་>>ནང་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གྱི“མི་སྟོང་གི་འཆར་གཞི”ལག་ལེན་བསྟར་རྒྱུར་སྐུལ་འདེད་ཀྱིས་2020ལོའི་གོང་དུ་སྐད་གཉིས་ཤེས་པའི་ཁྲིམས་དཔོན་1500གསོ་སྦྱོང་བྱེད་དགོས་པ་དང་དུས་མཚུངས་སུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོའི་བྱང་ཚད་མཐོ་བ། གྲངས་འབོར་འདང་ངེས་ཡོད་པ། མི་རིགས་ས་ཁུལ་གྱི་འདྲི་གཅོད་ལས་དོན་གྱི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་པ་བཅས་ཀྱི་སྐད་གཉིས་ཤེས་པའི་ཁྲིམས་དཔོན་དཔུང་ཁག་ཅིག་འཛུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་ཆབ་སྲིད་པུའི་ཀྲུའུ་རེན་ཞུས་ཅ་ཤིན་གྱིས་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་ལེགས་སུ་གཏོང་དགོས་ཤིང་། ནང་བསྲིང་གི་འཕེལ་རྒྱས་ལམ་བུའི་ཐོག་མུ་མཐུད་བསྐྱོད་ནས་ད་ཡོད་ཀྱི་སྐད་གཉིས་ཤེས་ལྡན་པ་གསོ་སྐྱོང་དང་གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། བསམ་བློ་ཆབ་སྲིད་སློབ་གསོ་ཨང་དང་པོར་བཞག་ནས་དད་སེམས་བརྟན་པ་དང་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་གཉིས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་དཔུང་ཁག་འཛུགས་སྐྱོང་གི་ཚད་གཞིར་བརྩི་དགོས། རིམ་པ་མང་བའི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྦྱོང་གི་དམིགས་བསལ་ཆོས་ཉིད་དང་ཁྱད་ཆོས་ལ་གཞི་ཚུགས་པ་དང་། སྐད་ཡིག་གི་ནུས་པ་དང་འདྲི་གཅོད་ལས་སྒོའི་ནུས་པ་མཐོ་རུ་གཏོང་རྒྱུར་དམིགས་པ། གསོ་སྦྱོང་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། དགེ་རྒན་དང་། སློབ་གཞི། རྟེན་གཞི་སོགས་རྨང་གཞིའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་དང་གསོ་སྦྱོང་བྱ་ཕྱིར་ཆ་རྐྱེན་ཡག་པོ་སྐྲུན་དགོས། སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་ཐབས་ལམ་སྔར་བས་ཆེ་རུ་གཏོང་དགོས་ཤིང་། ཁ་ཕྱོགས་གཏན་འཁེལ་གྱི་བསྡུ་ལེན་དང་ནང་འདྲེན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ཤེས་ཡོན་ཅན་དང་། དགེ་རྒན། ཁྲིམས་རྩོད་པ། དེ་བཞིན་ཁྲིམས་ལུགས་ལས་དོན་པ་གཞན་དག་བཅས་ཀྱི་ཁྲོད་ནས་རིམ་པ་མཐོ་བའི་སྐད་གཉིས་ཤེས་ལྡན་པ་ནང་འདྲེན་ཧུར་ཐག་བྱས་ནས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྔར་བས་ཁྱབ་རྒྱ་ཆེ་བའི་ཤེས་ལྡན་པའི་རྨང་གཞི་མཁོ་འདོན་བྱེད་དགོས། སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྦྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་བྱ་རྒྱུ་གཟི་བརྗིད་ཅིག་ཏུ་བརྩི་བའི་ངང་ཚུལ་ཡག་པོ་ཞིག་ཆགས་པ་བྱེད་དགོས། ཁྲིམས་དཔོན་མི་གྲངས་གཏན་འཁེལ་ལམ་ལུགས་ཚོད་ལྟའི་སྒོ་ནས་སྒྱུར་བཅོས་བྱེད་པའི་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གིས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་མི་གྲངས་གཏན་འཁེལ་ཁྱབ་ཁོངས་ནང་འཇུག་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་དང་འབྲེལ་གཏུག་རོགས་ལས་གཏིང་ཟབ་བྱས་ནས་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་དང་གསོ་སྦྱོང་ལས་དོན་རིམ་པ་སྔར་བས་མཐོ་པོ་ཞིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།