འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་
    བོད་ལྗོངས་འཐུས་མིའི་ཚོགས་པ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 17:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཟླ་3ཚེས་3ཉིན། ཚོགས་ཆེན་གྱི་གཅིག་འགྱུར་བཀོད་སྒྲིག་ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་བོད་ལྗོངས་འཐུས་མིའི་ཚོགས་པ་དངོས་སུ་བཙུགས་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཝུའུ་དབྱིན་ཅེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་བོད་ལྗོངས་འཐུས་མིའི་ཚོགས་པའི་ཚོགས་གཙོར་འདེམས་བསྐོ་བྱས་པ་དང་། པདྨ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན་འཐུས་མིའི་ཚོགས་པའི་ཚོགས་གཙོ་གཞོན་པར་འདེམས་བསྐོ་བྱས་པ་རེད།
        ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེ་མོའི་མིང་ཐོའི་མ་ཟིན་དང་། དེ་བཞིན་ཚོགས་ཆེན་གྱི་གྲོས་རིམ་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་། འཐུས་མིའི་ཚོགས་པ་ཁག་གི་ཚོགས་འདུ་སྡུད་མཁན་གྱི་ཚོགས་འདུའི་དགོངས་དོན་དང་《རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་འདུ་འཚོག་སྲོལ་ལེགས་བཅོས་བྱ་རྒྱུའི་བྱ་ཐབས་ཞིབ་ཕྲ་》བརྒྱུད་བསྒྲགས་བྱས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།