འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།འཐུས་མི་དང་ཨུ་ཡོན་ཚོའི་གྲོས་འགོ་དང་གྲོས་གཞི་དེ་དག་དབུལ་སྐྱོར་སྲིད་ཇུས་ལ་ཇི་
    ལྟར་འགྱུར་གྱི་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         དབུལ་སྒྲོལ་འགག་སྒྲོལ་བརྟན་པོའི་ངང་སྐུལ་འདེད་གཏོང་བར་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་དོ་ཁུར་དང་དེའི་ཁྲོད་ཧུར་ཐག་ཞུགས་རྒྱུ་དང་ཁ་འབྲལ་ཐབས་མེད། དེའི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་ཡོད་གྲོས་འགོ་དང་གྲོས་གཞིས་འབྲེལ་ཡོད་སྲིད་ཇུས་འདོན་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། འཐུས་མི་དང་ཨུ་ཡོན་ཚོའི་གྲོས་འགོ་དང་གྲོས་གཞི་ཇི་ལྟར་སྲིད་ཇུས་ལ་འགྱུར་བ་མ་ཟད་དོན་འཁྱོལ་བྱེད་དགོས་སམ་ཞེས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་སུའུ་གོ་ཞ་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།
         2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་སྒྲུབ་འགན་ཁུར་བའི་གྲོས་འགོ་དང་གྲོས་གཞི་ཁྱོན་448ཡོད་པ་དེ་2015ལོའི་ལྡབ་2.56ཡིན། སུའུ་གོ་ཞ་ཡིས“དེ་ཐོག་ནས་འཐུས་མི་དང་ཨུ་ཡོན་ཚོས་དབུལ་སྒྲོལ་འགག་སྒྲོལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་ཡོད”ཅེས་གསུངས།
         གྲོས་འགོ་དང་གྲོས་གཞི་གལ་ཆེན་ཚང་མ་ཆེས་ཆེར་འཕར་ཡོད། ན་ནིང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོའི་ནང་གྲོས་འགོ་གལ་ཆེན་24ཡོད་པ་དེ་2015ལོའི་ལྡབ་1.6ཡིན་པ་དང་། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིའི་ནང་གྲོས་གཞི་གལ་ཆེན་16ཡོད་པ་དེ་2015ལོའི་ལྡབ་3.2ཡིན། གྲོས་འགོ་དང་གྲོས་གཞི་གལ་ཆེན་ཚང་མ་ནི་དབུལ་སྐྱོར་ལས་དོན་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཡིན་པ་རེད།
        སུའུ་གོ་ཞ་ཡིས“གྲོས་འགོ་དང་གྲོས་གཞི་དེ་དག་དབུལ་སྐྱོར་ལས་དོན་གྱི་དོན་དངོས་དང་དེ་བས་འཚམ་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དངོས་དང་དེ་བས་འཚམ་པོ་ཡོད”ཅེས་གསུངས།
         གྲོས་གཞི་ཚང་མར་ལན་ཡོད་པ་བྱས་ཏེ་སྒྲུབ་གཉེར་གྱི་སྤུས་ཚད་འགན་ལེན་བྱས་པ།
         “ན་ནིང་ངས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པར་ལན་བཏབ་བྱུང་། འདི་ལོ་ཅང་ཤིས་ཞིང་ཆེན་གྱིས་གཞུང་ལམ་སྤྱི་ལེ་8000ལྷག་ཙམ་གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད། སྲིད་ཇུས་ཀྱིས་ང་ཚོས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་བྱས་པས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་ཤན་ཆུས་ཝུའུ་ཡུན་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་མིང་ཅིང་ཧྭ་ཡིས་གསུངས་པ་རེད།
         “གྲོས་འགོ་ཆུང་ཆུང”གཅིག་ཇི་ལྟར་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་བལྟས་རྗེས་བློ་ལ་བརྟན་པོར་ངེས་དགོས་སམ།
         སུའུ་གོ་ཞ་ཡིས་གྲོས་འགོ་དང་གྲོས་གཞི་འབྱོར་རྗེས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་སྔོན་ལ་ལས་འགན་ཁག་སི་ཁག་ལ་ཁག་བགོས་དོན་འཁྱོལ་བྱས་ཏེ་སྒྲུབ་གཉེར་གྱི་བླང་བྱ་ཞིབ་ཕྲ་བཏོན་རྗེས་སི་ཁག་གིས་གཞི་ནས་ཁ་གསལ་བའི་འགན་འཁྲིའི་ལམ་ལུགས་བཟོ་གི་ཡོད་ཅེས་ངོ་སྤྲོད་གནང་།
         “ནང་དོན་སྲིད་ཇུས་ཀྱི་གཏན་འབེབས་དང་མ་མཐུན་པའམ་ཡང་ན་ཆ་རྐྱེན་མི་ཚང་བའི་གྲོས་འགོ་དང་གྲོས་གཞིའི་ཐད་ད་དུང་འཐུས་མི་དང་ཨུ་ཡོན་ཚོ་དང་འབྲེལ་གཏུག་ཐེངས་མང་བྱེད་དགོས་ཀྱི་ཡོད། དབུལ་སྐྱོར་གསར་སྤེལ་ལས་སྒོའི་ཁྱབ་ཁོངས་ནང་ཚུད་མེད་ཀྱང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་ལ་སྒྲུབ་གཉེར་གྱི་འགན་ཁུར་དུ་བཅུག་པའི་གྲོས་འགོ་དང་གྲོས་གཞི་ཁག་གཅིག་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་བསམ་འཆར་ཕྱོགས་བསྡུས་བྱེད་དགོས” “གྲོས་འགོ་དང་བསམ་འཆར་ཚང་མར་དབྱེ་ཞིབ་བྱེད་པ་དང་། སྔོན་ལ་དབྱེ་ཞིབ་དང་རྗེས་སུ་ཁག་བགོས་སྒྲུབ་གཉེར་བྱེད་པ། ཚང་མ་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བཅས་བྱེད་དགོས་ཀྱི་ཡོད”ཅེས་གསུངས།
         བྱ་བ་ཚང་མ་དོན་འཁྱོལ་བྱས་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།
         རི་ཁུལ་དབུལ་པོའི“ས་འབུར”དེ“གསེར་རིར”འགྱུར་བ་བྱས་པ། ན་ནིང་པར་འགྲེམས་བྱས་པའི་《དྲ་ཐོག་ཚོང་དོན་གྱི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ནང་མ་འོངས་ལོ་གསུམ་ནང་རྒྱལ་ཁབ་ཀྱི་རྫོང་དབུལ་པོ་ཚང་མར་དྲ་ཐོག་ཚོང་དོན་ཁྱབ་པ་བྱས་ནས་གྲོང་གསེབ་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་འགན་ལེན་བྱས་ཡོད།
         དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་གནད་སྨིན་སྲིད་ཇུས་ཀྱི་བྱེད་ཐབས་ཁག་གཅིག་ན་ནིང་གི་ཚོགས་འདུ་གཉིས་རིང་གི་གྲོས་གཞི་གཅིག་དང་འབྲེལ་བ་ཟབ་མོ་ཡོད།
         སུའུ་གོ་ཞ་ཡིས“གྲོས་གཞི་ཨང་1027འབྱོར་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་2016ལོའི་ཟླ་དྲུག་པར་ཅང་ཤིས་སུ་བརྟག་ཞིབ་བྱེད་པར་ཕྱིན། དྲ་ཐོག་ཚོང་དོན་གྱིས་ས་གནས་དེ་གའི་གནད་སྨིན་དབུལ་སྐྱོར་ལ་ནུས་པ་གལ་ཆེན་ཐོན་པ་ཤེས་རྗེས། གྲོས་འགོའི་ནང་གི‘དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་འདུ་འགོད་ལག་བསྟར་བྱེད་པ་དང་ནོར་སྲིད་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པ’སོགས་ཀྱི་གྲོས་འགོ་དང་ལེན་བྱས་ཡོད”ཅེས་གསུངས།
         ན་ནིང་གི་གྲོས་འགོ་གལ་ཆེན་ཨང་936ནང་བཏོན་པའི“ཐབས་མང་མཉམ་སྤྱོད་ཀྱིས་མཐའ་མཚམས་མང་ཚོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི”འགྲོ་འགོ་དང་ལེན་བྱས་རྗེས། ལོ་དེ་རང་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་མཐའ་མཚམས་ས་ཁུལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྒོར་དུང་ཕྱུར་13.6གསར་དུ་བསྣན་ནས་གཙོ་བོ་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
         གྲོས་འགོ་དང་གྲོས་གཞི་རེ་རེ་ལས་དབུལ་སྒྲོལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཤིང་། ན་ནིང་རྒྱལ་ཡོངས་སུ་མི་ཁྲི་1240དབུལ་སྒྲོལ་ཐུབ་ནས་ལོ་འཁོར་གྱི་མི་དབུལ་པོ་ཁྲི་1000ཉུང་དུ་གཏོང་བའི་དམིགས་ཚད་ལས་བརྒལ་ཡོད་པ་རེད།
         སུའུ་གོ་ཞ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་གྲ་སྒྲིག་ཨང་གསར་བྱས་ཏེ་འདི་ལོའི་ཚོགས་འདུ་གཉིས་རིང་གི་གྲོས་འགོ་དང་གྲོས་གཞིར་དམིགས་ནས་དམངས་འདོད་བསྡུ་ལེན་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་འདི་ལོ་སླར་ཡང་མི་ཁྲི་1000དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།