འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།>>རྒྱལ་ཡོངས་ཚོགས་ཆེན་གཉིས།>>ཕྱོགས་བསྡུས་གསར་འགྱུར།

    ༄༅།།འཐུས་མི་སུན་ཀྲའོ་ཆི་ཡིས་དངུལ་རྩའི་ཁྲིམས་འཛུགས་ལ་ཤུགས་སྣོན་དང་ཁྲིམས་འགལ་གྱི་
    མ་དངུལ་བསྡུ་རུབ་བྱ་རྒྱུ་བཀག་འགོག་བྱས་ནས་མི་སེར་གྱི་དངུལ་ཁུག་ལ་
    སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་04ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་སྔར་བས་དོགས་ཟོན་དང་བཀག་འགོག་བྱ་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨན་ཧུའེ་སློབ་ཆེན་དངོས་ཁམས་དང་རྒྱུ་ཆའི་ཚན་རིག་སློབ་གླིང་གི་ཡོན་ཀྲང་སུན་ཀྲའོ་ཆི་ཡིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་མགྱོགས་འདོན་པ་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་མི་སེར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
        “ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་བྱེད་པ་དེ་མིག་སྔར་སྔོན་ཆད་ཀྱི་སྐྱེད་ཆེའི་དངུལ་གསོག་ནས་སྔར་བས་གསང་ཐབས་བྱེད་སྟངས་སུ་འགྱུར་ལྡོག་ཕྱིན་ཡོད། དེར་བརྟེན‘དངུལ་བུན་གཏོང་མཁན་གྱི་སྲོལ་ཡིག’དང‘སྐྱེད་ཆེའི་བུ་ལོན་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས’སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་འཕྲལ་དུ་བཏོན་ནས་ཚད་ལྡན་དུ་གཏོང་དགོས”སུན་ཀྲའོ་ཆི་ཡིས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་གྱོད་གཞི་ཐོན་རྗེས་གནད་དོན་ལྷག་པའི་ཁེ་ལས་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་པའི་ཐད་ད་དུང་ཕྱོགས་གསུམ་པའི་ཆེད་ལས་ཁྲིམས་རྩོད་པའི་དོན་གཅོད་ཁང་གདན་དྲངས་ནས་ཐག་གཅོད་བྱེད་ཆོག་གི་ཡོད་ཅེས་གསུངས།
         གཞན་ཡང་དངུལ་རྩའི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་སེར་ཚོར་རྒྱུ་དངུལ་བདག་གཉེར་ཐོན་རྫས་དབྱེ་འབྱེད་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཐབས་ལམ་དང་རྣམ་པ་སྔར་བས་མང་པོ་བརྒྱུད་སྤྱི་དམངས་ཚོར་དངུལ་རྩའི་ཐོན་རྫས་ཉོ་སྐབས་དོ་སྣང་བྱེད་དགོས་པ་མ་ཟད། དངུལ་རྩའི་ཁྲོམ་ར་མགྱོགས་མྱུར་སྒྱུར་བཅོས་བྱེད་པ་དང་། རིམ་པ་མང་བའི་མ་དངུལ་ཁྲོམ་ར་སྐྲུན་པ། ལྟ་སྐུལ་དོ་དམ་གྱི་བྱེད་པོ་གཏན་འཁེལ་ཁ་གསལ་བྱེད་པ་བཅས་ཀྱི་ཐོག་ནས་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་གང་མགྱོགས་དང་ལེན་བྱེད་རྒྱུའི་འགན་ལེན་བྱེད་དགོས།
         “ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་བྱེད་མང་ཤོས་ནི་གྱོན་ཆས་རྫིག་པོ་གྱོན་ནས་མི་སྣ་གྲགས་ཅན་གྱི་ནུས་པ་བེད་སྤྱད་པ་དང་ཀུང་སིའི་རྐང་བདག་རྫུས་ནས་མ་རྩ་འཇོག་མཁན་གྱི་ཡིད་ཆེས་དང་མི་སེར་གྱི་སེམས་པ་ཐོབ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དེ་དག་ཚང་མ་ནི་དཔྱད་མི་བཟོད་པ་དང་ར་སྤྲོད་མི་ཐུབ་པ་ཤ་སྟག་རེད”དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་བཅའ་ཁྲིམས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་བྱེད་པའི་གྱོད་གཞི་ཐོན་ཉུང་དུ་གཏོང་དགོས་ཞེས་སུན་ཀྲའོ་ཆི་ཡིས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།