འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་པའི་ལོ་གསར་གྱི་མཉམ་སྤྲོའི་ཚོགས་འདུར་ངོ་མཚར་ཆེ་
    བའི་འཁྲབ་སྟོན་ཡོད་པ་མ་ཟད་སེམས་འགུལ་ཐེབས་སུ་འཇུག་པའི་མི་བཟང་
    དོན་བཟང་ཡང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་པའི་ལོ་གསར་གྱི་མཉམ་སྤྲོའི་ཚོགས་འདུར་ངོ་མཚར་ཆེ་
བའི་འཁྲབ་སྟོན་ཡོད་པ་མ་ཟད་སེམས་འགུལ་ཐེབས་སུ་འཇུག་པའི་མི་བཟང་
དོན་བཟང་ཡང་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན་གྱི་དགོང་མོར་ཁམས་པའི་བརྙན་འཕྲིན་ཁང་གིས་བོད་ཀྱི་མེ་མོ་བྱའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་ཚོགས་འདུ་ལེགས་འགྲུབ་ངང་ཕབ་སྐྲུན་བྱས་ཡོད་པ་རེད། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་འཁྲབ་སྟོན་སྒྱུ་རྩལ་པ་ཚོས་གཟིགས་མོ་བ་ཚོར་ངོ་མཚར་ཆེ་ཞིང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ཞིག་ཕུལ་བ་རེད། ཁམས་པའི་བརྙན་འཕྲིན་ཁང་གི་ལོ་བདུན་བསྟུན་མར་བོད་པའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་ཚོགས་འདུ་གཉེར་བ་དེ་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལོ་གསར་དགའ་གཏོང་བྱེད་པར་མེད་དུ་མི་རུང་བའི་རིག་གནས་ཀྱི་དགྱེས་སྟོན་གྲ་རྒྱས་ཤིག་ཏུ་གྱུར་ཡོད་པ་རེད། ད་ལོའི་ལོ་གསར་གྱི་མཉམ་སྤྲོའི་ཚོགས་འདུར་རྒྱུན་སྲོལ་དང་མི་གཅིག་པར། ས་གནས་ཁག་ནས་བོད་རིགས་མང་ཚོགས་གདན་འདྲེན་ཞུས་ཏེ་མཉམ་སྤྲོའི་ཚོགས་འདུའི་གར་སྟེགས་སུ་འཛེགས་པ་རེད།
         རྟ་མཆོག་ནི་འཕུར་བ་ལྟར་རྒྱུག་པའི་རྟ་ཕོ་ཅང་ཤེས་ཡིན། མི་བཟང་བ་ནི་ལས་ལ་བརྩོན་པའི་གསར་གཏོད་པ་ཡིན། ངལ་རྩོལ་པ་དེ་ཚོས་དཀའ་སྡུག་ལ་མི་སྐྲག་པར་རང་གི་བློ་བརྟན་དང་དགའ་ཞེན་ལ་བརྟེན་ནས་རང་གི་རྔུལ་ཆུ་བོད་ཁུལ་ཏུ་གཏོར་ཏེ་བོད་ཁུལ་འཕེལ་རྒྱསའགྲོར་བར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་བ་རེད། 
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།ཁམས་པའི་བརྙན་འཕྲིན་ཁང་གི་བོད་པའི་ལོ་གསར་གྱི་མཉམ་སྤྲོའི་ཚོགས་འདུར་ངོ་མཚར་ཆེ་
བའི་འཁྲབ་སྟོན་ཡོད་པ་མ་ཟད་སེམས་འགུལ་ཐེབས་སུ་འཇུག་པའི་མི་བཟང་
དོན་བཟང་ཡང་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།