འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་4ཡི་ནང་ཨ་རིའི་ཚོང་དོན་ལྡོག་ཁྱད་ཐོག་མར་རྒྱ་ཆེར་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཨ་རིའི་ཚོང་དོན་པུས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་6པར་ཨ་རིའི་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་ལྡོག་ཁྱད་ཟླ་བསྡུར་འཕར་ཚད་7.3%ཟིན་ནས་ཟླ་བ་4རིང་ཚོང་དོན་ལྡོག་ཁྱད་ཐོག་མར་རྒྱ་ཆེར་ཕྱིན་ཡོད་པ་རེད།
         གྲངས་གཞི་ལས་མངོན་པར་ཟླ་6པར་ཨ་རིའི་ཕྱིར་གཏོང་ཟླ་བསྡུར་0.7%ཆག་ནས་ཨ་སྒོར་དུང་ཕྱུར་2138ཟིན་པ་དང་ནང་འདྲེན་ཟླ་བསྡུར་0.6%འཕར་ནས་ཨ་སྒོར་དུང་ཕྱུར་2602ཟིན་ཡོད། ཟླ་བ་དེའི་ཚོང་དོན་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་463འཕར་ནས་ཟླ་གོང་མར་བཟོ་བཅོས་བརྒྱབ་རྗེས་ཀྱི་ཨ་སྒོར་དུང་ཕྱུར་432ལས་མཐོ་བ་ཡོད་པ་རེད། 
         ད་དུང་གྲངས་གཞི་ལས་མངོན་པར་འདི་ལོའི་ལོ་སྟོད་དུ་ཨ་རིའི་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་ལྡོག་ཁྱད་བསྡོམས་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་2912ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།