འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས“དམངས་སྲིད་པུའི་ཐད་ཀར་ཐོ་འགོད་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲིག་
    གཞིའི་ཁ་དན་ཚིག་གནས་དང་རང་གཅུན་ཁས་ལེན་ཡི་གེར”མཉམ་སྡེབ་མིང་འགོད་
    ཀྱི་མཛད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དམངས་སྲིད་པུས“དམངས་སྲིད་པུའི་ཐད་ཀར་ཐོ་འགོད་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲིག་གཞིའི་ཁ་དན་ཚིག་གནས་དང་རང་གཅུན་ཁས་ལེན་ཡི་གེར”མཉམ་སྡེབ་མིང་འགོད་ཀྱི་མཛད་སྒོ་གཉེར་བ་རེད། པེ་ཅིང་དུ་ཡོད་པའི་དམངས་སྲིད་པུའི་ཐད་ཀར་ཐོ་འགོད་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲིག་གཞི་30ཡི་ཁྲིམས་གཏན་འཁེལ་བའི་འཐུས་མི་མཛད་སྒོར་ཞུགས་པ་དང་འབྲེལ། ས་གནས་ས་ཐོག་ཏུ“ཁ་དན་ཚིག་གནས་དང་རང་གཅུན་ཁས་ལེན་ཡི་གེར”མིང་རྟགས་ཀྱང་བཀོད་པ་རེད།
         མིང་འགོད་མཛད་སྒོའི་ཐོག ཀྲུང་ལེན་མཆིན་པ་བདེ་ཐང་སྐུལ་སྤེལ་ལྟེ་གནས་ཀྱིས་དེ་གར་སླེབས་པའི་སྤྱི་ཚོགས་ཞབས་ཞུ་སྒྲིག་གཞི་ཡོངས་ཀྱི་ཚབ་ཞུས་ནས“ཁ་དན་ཚིག་གནས་དང་རང་གཅུན་ཁས་ལེན་ཡི་གེ”སྒྲོག་སྦྱངས་བྱས་པ་རེད། ཀྲུང་གོའི་སྤྱི་ཕན་སྤྲོ་སྐྱིད་ཁང་དང་། ཡུན་ཧའེ་རི་མོ་ཁང་། དེང་རབས་སྡེ་ཁུལ་འཕེལ་རྒྱས་དང་བཅོས་སྐྱོང་སྐུལ་སྤེལ་ལྟེ་གནས། དེང་རབས་ཡིག་གཟུགས་རྐོ་འབྲི་ཁང་སོགས་དམངས་སྲིད་པུའི་ཐད་ཀར་ཐོ་འགོད་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲིག་གཞིའི་ཁྲིམས་གཏན་འཁེལ་བའི་འཐུས་མིའམ་ཡང་ན་འགན་འཁུར་བ་མཛད་སྒོར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།