འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་སྨན་པ་ཧ་ཅང་གྱོང་པོ་འདུག” 

    —— ཀྲུང་གོའི་སྨན་པས་ཁོང་ཀོ(པུའུ)ཡི་སྐྱ་གྲིབ་ཕོག་པའི་ནད་པར་འོད་སྣང་སྦྱིན་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཀྲུང་གོའི་སྨན་པ་ཧ་ཅང་གྱོང་པོ་འདུག”ཅེས་ལོ་65ལ་སླེབས་པའི་ཁོང་ཀོ(པུའུ)ཡི་རྒན་རྒོན་དབྱི་ཧྥེང་ནཱས་ཉེ་དུས་སྐྱ་གྲིབ་གཤགས་བཅོས་བྱས་རྗེས་ཀྲུང་གོའི་སྨན་བཅོས་རུ་མིའི་ལག་གཉིས་དམ་པོར་བཟུང་སྟེ་བཤད།
          དབྱི་ཧྥེང་ནཱ་ཡིས་རང་ཉིད་ཀྱི་མིག་གཡོན་མར་སྐྱ་གྲིབ་ཕོག་ཏེ་མིག་ཤེད་ཉམས་པ་དང་མིག་ཆུ་འཛར་མེད་དོན་གྱི་འདུག ཡིན་ནའི་ས་གནས་དེའི་སྨན་བཅོས་ཆ་རྐྱེན་ཞན་པར་བརྟེན་ད་བར་བཅོས་ཐབས་བྲལ། ཀྲུང་གོའི་སྨན་བཅོས་རུ་ཁག་གནས་སའི་ཀྲུང་ཁོང་མཛའ་གྲོགས་སྨན་ཁང་དུ་སྐྱ་གྲིབ་བཅོས་ཐུབ་པ་ཤེས་རྗེས་འཕྲལ་མར་སྨན་ཁང་འདིར་ནད་ལྟ་བར་ཡོང་བ་ཡིན་ཞེས་གསར་འགོད་པར་བརྗོད་བྱུང་།
          “གཤགས་བཅོས་བདེ་བླག་བྱུང་ནས་ཉིན་གཅིག་རང་ལ་ངའི་མིག་གཡོན་མ་བསྐྱར་དུ་གསལ་པོ་མཐོང་བར་གྱུར་སོང་། ཀྲུང་གོའི་སྨན་པའི་ལག་རྩལ་དངོས་གནས་དཔེ་མི་སྲིད་པའི་ཡག་པོ་འདུག”ཅེས་གཤགས་བཅོས་བྱས་རྗེས་དབྱི་ཧྥེང་ནཱ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
         དབྱི་ཧྥེང་ནཱ་དང་ཉིན་གཅིག་ལ་གཤགས་བཅོས་བྱས་པའི་ཁྲོད་ད་དུང་ལོ་93ལ་སོན་པའི་རྒན་རྒོན་ཏོ་སྨི་ཉི་ཁེ་ཡོད་ཅིང་། ཁོང་གིས“ང་སྐྱ་གྲིབ་ཕོག་ནས་ལོང་བར་གྱུར་པ་དང་། ཟླ་འགའ་ཤས་གོང་ཀྲུང་ཁོང་མཛའ་གྲོགས་སྨན་ཁང་དུ་མིག་གཡོན་མར་གཤགས་བཅོས་བྱས་པས་ཕན་ཡོན་ཆེན་པོ་བྱུང་། དེ་རིང་སླར་ཡང་ཡོང་ནས་མིག་གཡས་པར་གཤགས་བཅོས་བྱེད་འདོད་འདུག ངས་ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པའི་ལག་རྩལ་ལས་ངས་སླར་ཡང་འོད་སྣང་མཐོང་བྱུང”ཞེས་བཤད།
         ཀྲུང་ཁོང་མཛའ་གྲོགས་སྨན་ཁང་ནི་ཁོང་ཀོ(པུའུ)ཡི་རྒྱལ་ས་པུ་ར་ཙ་ཝེར་གྲོང་ཁྱེར་ནུབ་འདབས་ཀྱི་མུའུ་ཧྥེ་ལུའུ་ས་ཁུལ་དུ་གནས་ཤིང་། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པ་ཞིག་ཡིན་པ་དང་། 2013ལོའི་ཟླ་3པར་སྤྱོད་འགོ་ཚུགས་པ་དེ་ནི་ཁོང་ཀོ(པུའུ)ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པ་ཡི་ཁོང་ཀོ(པུའུ)རུ་བཅའ་སྡོད་སྨན་ཁང་ཞིག་ཡིན་པ་རེད། སྨན་བཅོས་རུ་ཁག་གི་རུ་དཔོན་ཝང་ཀྲེ་ཡུང་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་བཅའ་སྡོད་བྱས་ཚུན་སྨན་ཁང་འདིའི་ཚན་ཁག་ཁག་གི་སྨན་བཅོས་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་ཁོང་ཀོ(པུའུ)རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         2016ལོར་ཀྲུང་གོའི“འོད་སྣང་བྱ་སྤྱོད”སྨན་བཅོས་རོགས་སྐྱོར་རྣམ་གྲངས་ཁོང་ཀོ(པུའུ)རུ་སྤེལ་འགོ་ཚུགས་ཤིང་། རྣམ་གྲངས་དེས་ཀྲུང་ཁོང་མཛའ་གྲོགས་སྨན་ཁང་མིག་ནད་ཚན་ཁག་ལ་སྨན་བཅོས་དངོས་ཟོག་དང་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་འབོར་ཆེན་ཞིག་སྤྲད་པ་མ་ཟད་ས་ གནས་དེར་མིག་ནད་ཀྱི་ཆེད་ལས་སྨན་དོན་མི་སྣ་ཁག་གཅིག་ཀྱང་གསོ་སྐྱོང་བྱས་ཡོད།
         ཀྲུང་གོ་སྨན་བཅོས་རུ་ཁག་མིག་ནད་ཚན་ཁག་གི་སྨན་པ་ཀྲང་ཝུའེ་ཕུང་ནི་དབྱི་ཧྥེང་ནཱ་དང་ཏོ་སྨི་ཉི་ཁེའི་གཙོ་བཅོས་སྨན་པ་ཡིན་ཞིང་། ཁོང་གིས་ཀྲུང་ཁོང་མཛའ་གྲོགས་སྨན་ཁང་ནི་མིག་སྔར་ཁོང་ཀོ(པུའུ)ཡི་སྐྱ་གྲིབ་སྒྲ་རླབས་གཤེར་གཟུགས་འདྲེས་སྦྱོར་གཤགས་བཅོས་བྱེད་ཐུབ་པའི་སྨན་ཁང་འབའ་ཞིག་དེ་ཡིན། ནད་པ་མི་ཉུང་བ་ཞིག་གིས་དེའི་སྙན་གྲགས་ཐོས་པ་དང་དེ་གར་སྨན་བཅོས་བྱེད་པར་ཡོང་བས་ཉིན་ལྟར་སྒོ་བསྟེན་སྨན་བཅོས་བྱེད་མཁན་མི་30ཡན་ཟིན་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         ཀྲང་ཝུའེ་ཕུང་གིས་ས་གནས་དེ་གའི་སྐྱ་གྲིབ་ཕོག་པའི་ནད་པ་ཕལ་ཆེ་བ་ནད་གཞི་ཚབས་ལྕི་པོར་གྱུར་རྗེས་གཞི་ནས་སྨན་བཅོས་བྱེད་པར་ཡོང་བ་ཤ་སྟག་ཡིན་པར་བརྟེན་གཤགས་བཅོས་བྱེད་ཁག་ཙམ་འདུག མིག་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་པའི་ངའི་བདེ་སྐྱིད་ཆེ་ཤོས་ནི་ནད་པ་ཚོས་སླར་ཡང་འོད་སྣང་མཐོང་ཐུབ་པ་དེ་ཡིན། ཨ་ཧྥེ་རི་ཁའི་གྲོགས་པོས་ཀྲུང་གོའི་སྨན་པར་ཡིད་ཆེས་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་པས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་བཤད།
         རྣམ་ཀུན་ལས་ཞོར་དུ་ཀྲང་ཝུའེ་ཕུང་གིས་ད་དུང་ས་གནས་དེ་གའི་སྨན་དོན་མི་སྣར་གསོ་སྦྱོང་བྱེད་པ་མ་ཟད། ས་གནས་དེ་གའི་དམངས་ཚོགས་ལའང་སྨན་བཅོས་ཀྱི་རྒྱུན་ཤེས་སློབ་ཀྱི་ཡོད།
         ཀྲུང་ཁོང་མཛའ་གྲོགས་སྨན་ཁང་དུ་ལས་ཀ་བྱེད་མཁན་མིག་ནད་ཚན་ཁག་གི་ལས་རོགས་སྨན་པ་མུའུ་པང·པེའར་ཏན་གྱིས་ལོ་འདི་དག་ནང་ང་དང་ཀྲུང་གོའི་སྨན་པའི་དབར་གྱི་མཉམ་ལས་ཧ་ཅང་ཡག་པོ་བྱུང་ལ་ང་རང་ལའང་ཕན་པ་མང་པོ་ཐོབ་བྱུང་། ཀྲུང་གོའི་སྨན་པས་སྔ་བར་ཕྱི་གསུམ་དུ་རོགས་པ་འདི་ལྟ་བུ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།