འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚྭ་སྡེ་དགུར་རྩྭ་ལོ་གཅིག་མ་མང་པོ་རྙེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་སྣོད་བཅུད་སུའོ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར། སུའོ་དེས་བརྟག་དཔྱད་བྱས་པ་བརྒྱུད། གཟི་ཚྭ་སྡེ་དགུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁྲང་ཧའེ་ཏུང་ཕོ་མིན་ཅང་གཙང་པོའི་ཐང་ཤིང་གི་གསེབ་ཏུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་རྩྭ་ལོ་གཅིག་མ་མང་པོ་གསར་རྙེད་བྱུང་ཞིང་། དེ་ནི་མིག་སྔར་གཟི་ཚྭ་སྡེ་དགུ་རང་བྱུང་སྲུང་སྐྱོང་ཁུལ་དུ་གསར་རྙེད་བྱུང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རྩྭ་ལོ་གཅིག་མ་ཁྱབ་ཁུལ་ཡིན་པ་རེད།
         སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་སྣོད་བཅུད་སུའོ་ཡི་སུའོ་ཀྲང་ཅུན་ཀྲི་ཡུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་གསར་རྙེད་བྱུང་བའི་རྩྭ་ལོ་གཅིག་མའི་ས་ཁོངས་ཀྱི་ས་བབ་ནི་སྨི་3100ནས་3500བར་ཡིན་ལ་ཁྱོན་གནས་7གྱི་སྨི་ངོས་གྲུ་800ཙམ་གྱི་ཁྱབ་ཁུལ་གསར་རྙེད་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།