འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བརྗོད་དོན་གཙོ་བོའི་ཚོན་ཁྲའི་ཤོག་སྦག་དུས་ཆེན"ཡོ་རོབ་ཀྱི་ལྟེ་གནས"སུ་
    བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི“ཀྲུང་གོ-ཡོ་རོབ་མནའ་འབྲེལ་གྱི་ཡུལ་སྐོར་ལོའི”གཙོ་གནད་བྱེད་སྒོའི་གྲས་ཤིག་ཡིན་པའི་ཀྲུང་གོའི་བརྗོད་དོན་གཙོ་བོའི་ཚོན་ཁྲའི་ཤོག་སྦག་དུས་ཆེན་ཉེ་དུས་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་ཡོད་པའི་གྲགས་ཅན་གྱི“ཡོ་རོབ་ཆུང་ངུའི”བསྡུས་རིས་མཛེས་ལྗོངས་སྤྱི་གླིང་དུ་བཏང་བ་རེད།
         སྤྱི་གླིང་ནང་འདི་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་རིང་པུ་རུ་སེར་ཐང་ཆེན་ས་ཁོངས་སུ་འགྲེམས་སྟོན་བྱས་པའི་སི་ཁྲོན་གྱི་ཁྲང་ཞིའི་གདོང་འབག་བརྗེ་བའི་ཚོན་ཁྲ་ཅན་གྱི་གློག་སྒྲོན་བཞག་ཡོད། སྤྱི་གླིང་ནང་ཡོ་རོབ་ཀྱི་བསྡུས་རིས་མཛེས་ལྗོངས་མང་པོའི་ཁྲོད་ཧ་ཅང་མངོན་ཆེ་བའི་སྒྲིག་ཆས་དེས་ཀྲུང་གོའི་བརྗོད་དོན་གཙོ་བོའི་ཚོན་ཁྲའི་ཤོག་སྦག་དུས་ཆེན་ལ་ཀྲུང་གོ་དང་ནུབ་ཕྱོགས་ཟུང་དུ་འབྲེལ་བའི་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་ཞིག་མངོན་ཡོད།
         ཚོན་ཁྲའི་ཤོག་སྦག་དུས་ཆེན་ཐོག་པེར་ཀྲེམ་གྱི་ཕྱིར་སྡོད་རང་མིའི་ལས་ཞོར་ཞབས་བྲོ་རྒྱག་མཁན་ལས་གྲུབ་པའི་ཡོ་རོབ་ཀྱི་ཀྲུང་ཧྭའི་དབྱང་ཀོ་ཞབས་བྲོ་རུ་ཁག་གིས་ལྟད་མོ་བ་ཚོར་ཞབས་བྲོ་འཁྲབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།