འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་མཐོ་རིམ་སློབ་གྲྭའི་རྨང་གཞི་ཞིབ་འཇུག་གི“ཇོ་རིའི་འཆར་གཞི”བཟོས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། སློབ་གསོ་པུས་ཞིབ་འཇུག་བྱས་ནས་བཟོས་པའི་《མཐོ་རིམ་སློབ་གྲྭའི་རྨང་གཞི་ཞིབ་འཇུག་གི་ཇོ་རིའི་འཆར་གཞིའི་》ནང་། 2035ལོར་སླེབས་སྐབས་རང་རྒྱལ་དུ་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཞིབ་འཇུག་ཆུ་ཚད་ཧ་ཅང་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི“སྣེ་ཁྲིད་པའི”གནས་བབ་ཡོད་པའི་རིག་གཞུང་གི་མཐོ་ས་དུ་མ་བསྐྲུན་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
         འཆར་གཞིའི་ནང་། 2020ལོར་སླེབས་སྐབས། རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཞིབ་འཇུག་གི་སྤྱིའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་མདུན་གྲལ་ཚན་རིག་ལྟེ་གནས་དང་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་དང་། དེ་བཞིན་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་རྟེན་གཞི་གལ་ཆེན་བཅས་ཁག་གཅིག་བསྐྲུན་རྒྱུ་དང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་བའི་སྣེ་ཁྲིད་ཤེས་ལྡན་པ་དང་གསར་གཏོད་ཚོགས་པ་ཁག་གཅིག་འཛོམས་ཏེ་ཚན་རིག་གི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་པར་བྱེད་པ། རིག་ཚན་ཁག་གཅིག་འཛམ་གླིང་གི་རྩེ་གྲའི་གྲས་སུ་ཚུད་རྒྱུ་དང་རིག་ཚན་འགའ་ཞིག་འཛམ་གླིང་གི་རྩེ་གྲའི་སྔོན་གྲས་སུ་སླེབས་རྒྱུར་འདེགས་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་པ་རེད།
         ད་དུང་འཆར་གཞིའི་ནང་འཁོད་པ་ལྟར་ན། 2035ལོར་སླེབས་སྐབས་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཞིབ་འཇུག་དེ་གཙོ་གནད་ཁྱབ་ཁོངས་ཁག་གཅིག་ཏུ་རིག་གཞུང་ལ་སྣེ་ཁྲིད་ཐུབ་ནས་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་རྒྱལ་སྤྱིར་ཕྱོགས་པའི་འཐབ་ཇུས་ཀྱི་ཚན་རིག་མཁས་ཅན་གྱི་ཚོགས་སྤྱི་ཁག་གཅིག་སྐྱེད་སྲིང་དང་། རིག་ཚན་ཁྱབ་ཁོངས་ཁག་གཅིག་ཏུ་འཛམ་གླིང་གི་རྩེ་གྲའི་མདུན་གྲས་སུ་སླེབས་པ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཚན་རིག་གི་གྲུབ་འབྲས་ཁག་གཅིག་ཐོན་པར་བྱེད་པ་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།